སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

སྒྲ་ཨང་།  KADZPD3333442
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༧༠
རྣམ་པ། MP3 རྣམ་གྲངས། 391 ཆེ་ཆུང་། 7.26 GB
ཁྲིད་གཞུང་། 
དྲང་ངེས་ལེགས་བཤད་སྙིང་པོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
བརྗོད་བྱ། མདོ་ཡི་དྲང་ངེས་འབྱེད་ཚུལ།
འཁྲིད་མཁན། དགའ་ལྡན་རྒན་སྙན་གྲགས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
རྒན་བློ་བཟང་ཐར་པའམ་དགའ་ལྡན་རྒན་སྙན་གྲགས་ནི། བོད་དུ་སྐུ་འཁྲུངས་ཤིང་གཞུང་ཆེན་སློབ་གཉེར་གནང་ཞིང་ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་ཀྱིས་མཚོན་ནང་ཆོས་ངོ་སྤྲོད་སོགས་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]

ཁྲིད་མཚམས་ཀྱི་དཀར་ཆག  1. 01 - 136 སེམས་ཙམ་པ།  2. 137 - 199 རང་རྒྱུད་པ།  3. 200 - 391 ཐལ་འགྱུར་པ། 
ངོ་ཤོག 1 ནས་ 637