ཐུགས་རྗེ་ཆེ།

སྔ་གཞུག་ཀུན་ཏུ་ལྷག་བསམ་རབ་ཡངས་རྣམ་དཔྱོད་མཆོག་ཏུ་དགེ་བ་འབྲས་སྒོ་མང་གཞུང་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་པར་རྩ་བརྒྱ་ཕྲག་ལྷག་གནང་སྟེ་རྒྱབ་སྐྱོར་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

མཐའ་མའི་བསྐྱར་བཅོས། Sat, 24/03/2018, 12:01

དམིགས་བསལ་ཐུགས་རྗེ་ཆེ།

མཁྱེན་དཔྱོད་རབ་ཡངས་རྣམ་གྲྭ་རྒན་ཐུབ་བསྟན་ཡར་འཕེལ་མཆོག་གིས་སྔ་རྗེས་སུ་འདི་ག་རྩོམ་སྒྲིག་ཁང་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས།

མཐའ་མའི་བསྐྱར་བཅོས། Sat, 24/03/2018, 11:58

གསལ་བཤད།

འཕྲུལ་དེབ་སོགས་ཀྱི་ཡིག་ནོར་རྣམས་རྩོམ་སྒྲིག་པས་གསར་དུ་མཐོང་བའམ། མཁྱེན་ཡངས་ལྷག་བསམ་ཅན་རེ་ཟུང་གིས་ཡིག་ནོར་པར་བརྒྱབ་སྟེ་འདི་གར་བསྐུར་རིམ་བཞིན་ནོར་བཅོས་བྱས་ཏེ་བསྐྱར་སྒྲིག་བྱེད་ཀྱིན་ཡོད་ན། མཁྱེན་ཡངས་དག་གིས་ནོར་འཁྲུལ་གང་གཟིགས་པར་བརྒྱབ་སྟེ་རྩོམ་སྒྲིག་ཁང་ལ་བསྐུར་གནང་རྒྱུ་མཁྱེན་མཁྱེན།

མཐའ་མའི་བསྐྱར་བཅོས། Sun, 03/09/2017, 09:51

རྗེའི་གསུང་འབུམ་ཆ་ཚང་རྩོམ་སྒྲིག་བྱས་ཚར།

རྗེའི་གསུང་འབུམ་བཀྲ་ཤིས་ལྷུན་པོའི་པར་མ་གཙོ་བྱས་པར་གཞི་གཞན་དང་གཤིབ་བསྡུར་བྱས་ཏེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་དྲ་ངོས་སུ་བཞག་ཡོད།

མཐའ་མའི་བསྐྱར་བཅོས། Sun, 14/01/2018, 09:55

རེ་བསྐུལ་ཐུང་ངུ་།

མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འདི་ག་རྩོམ་སྒྲིག་ཁང་ལ་དགོས་མཁོ་ཧ་ཅང་ཆེ་བས་རྣམ་པ་ཚོ་སུ་ལ་ཡོད་ན་འདི་ག་རྩོམ་སྒྲིག་ཁང་ལ་ལན་གནང་རོགས། མ་ཕྱི་པར་བཤུས་བྱས་རྗེས་ཕྱིར་ཕུལ་ཆོག

མཐའ་མའི་བསྐྱར་བཅོས། Sat, 26/08/2017, 08:45