མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན།
པར་གཞི། བཀྲས་ལྷུན་ཤིང་པར་དུ་མ་ཚུད་པའི་པར་རྩ་འདྲ་མིན་ནས་བཏུས་སྒྲིག་བྱས།
ཆོས་ཚན། ཚད་མ་རིགས་གཏེར་གྱི་རྣམ་བཤད་ལེགས་བཤད་སྙིང་པོ་སོགས།
རིག་མཛོད་དེབ་ཨང་། SJRB-0376
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.5MB
༢༠༢༢ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་པོད་ཏ་པ་འདིའི་ནང་དུ། ༡ ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ལེགས་པར་བཤད་པའི་སྙིང་པོ། ༢ སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་བདེན་གཉིས་ཀྱི་རྣམ་བཤད་སྙིང་པོ་གསལ་བྱེད། ༣ དབུ་མ་ལ་འཇུག་པའི་བསྡུས་དོན། ༤ རྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས་བྱི་བའི་ལོར་མཛད་པ། ༥ རྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས་ཕག་གི་ལོར་སེ་ར་ཆོས་སྡིངས་སུ་མཛད་པ། ༦ དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་བསྡུས་པ། ༧ རྡོ་རྗེ་ཐེག་པའི་རྩ་ལྟུང་གི་རྣམ་བཤད། ༨ ལྟུང་བཤགས་ཀྱི་ཊཱིཀྐ་མདོར་བསྡུས། ༩ དཔལ་གསང་བ་འདུས་པའི་བླ་བརྒྱུད་གསོལ་འདེབས་བཅས་རྒྱལ་ཚབ་རིན་པོ་ཆེའི་གསུང་བཀྲ་ཤིས་ལྷུན་པོའི་ཤིང་དཔར་དུ་མ་ཚུད་པའི་ཆོས་ཚན་དགུ་ལྷན་དུ་བཞུགས།
PDF ཕབ་ལེན། |
---|