ཐོག་མའི་བཟོ་དུས།
Sun, 10/09/2017, 15:35

ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ། ༼ཅ༽ གཉིས་པ།

དྲ་འཇུག་པ།: 

སྒྲ་ཨང་། KADZU2060270
མཁས་པ་གཞན། ༼གཞུང་ཆེན།༽ སྤྱིའི་ཨང་། ༣༩༨
ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ།
ཁྲིད་མཚམས། སེམས་བསྐྱེད་དྲུག་པ་ནས་བདག་འགོག་གི་བར།
འཁྲིད་མཁན། དགེ་བཤེས་འཇམ་དཔལ་བློ་ཤེས།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་བརྒྱད་པར་སྒྲིག་སྦྱོར་བྱས།

ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ནི། ༡༩༦༨ ལོར་བོད་འདན་ཡུལ་ཀ་ཕུ་བསམ་འགྲུབ་གླིང་དུ་འཁྲུངས། རང་ལོ་ཉི་ཤུའི་སྟེང་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཤིང་། སློབ་གཉེར་གྱི་ཆེད་དབུས་སུ་ཕྱིན་ནའང་རྐྱེན་དུ་མས་སྡོད་མ་ཐུབ་པར་ཕྱིར་ལོག་སྟེ། སེར་ཤུལ་དགོན་དུ་ཆོས་ཞུགས་བྱས། རང་ལོ་ཉེར་བཞིའི་སྐབས་འཕགས་ཕུལ་དུ་བརྟོལ་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར། ༢༠༠༡ ལོར་སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་ཐུགས་རེ་ལྟར་སེར་ཤུལ་དགོན་གྱི་དཔེ་ཁྲིད་དགེ་རྒན་དུ་བོད་ལ་ལོག །རང་ལོ་སོ་ལྔའི་སྐབས་སློབ་གཉེར་གྱི་འཕྲོ་བསྐྱང་ཆེད་སླར་ཡང་འཕགས་ཡུལ་དུ་བརྟོལ་ཏེ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དང་དམ་བཅའ་བཞག །དེ་རྗེས་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། དེ་ནས་བོད་དུ་སེར་ཤུལ་དགོན་གྱིས་གདན་འདྲེན་བྱས་པ་ལྟར་རང་ཡུལ་དུ་ལོག་སྟེ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གནང་བཞིན་པ་ལགས་སོ། །

ཕབ་ལེན།  Audio  ཕབ་ལེན།  Book   དེབ་ཡོད།

ཤོག་ངོས་འདི་ཐེངས་ 44 བཀླགས་འདུག མཐའ་མའི་བསྐྱར་བཅོས། Sun, 10/09/2017, 15:42
ཚད་གཞི།:
(0 འོས་འཕེན། )
སྤྱི་ཚོགས་འབྲེལ་མཐུད་དྲྭ་གནས་ཁག :
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག ། iPad,iPhone&iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། This email address is being protected from spambots. You need JavaScript enabled to view it.