དྲ་ཐོག་འཇུག་དུས། 2015 ལོའི་ཟླ་བ། Dec ཚེས། 14 རེས་གཟའ། Mon

བློ་སྦྱོང་དོན་བདུན་མ།

དྲ་འཇུག་པ།
ཚད་གཞི།
(20 འོས་འཕེན།)

tbo120003དེབ་ཨང་།  TBO120003
ཐོར་བུ། ༼བློ་སྦྱོང་།༽
སྤྱིའི་ཨང་། ༢༠༩
མཚན་བྱང་། བློ་སྦྱོང་དོན་བདུན་མ།
མཛད་པ་པོ། འཆད་ཁ་བ་ཡེ་ཤེས་རྡོ་རྗེ།༼༡༡༠༡-༡༡༧༥༽
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

འཆད་ཁ་བ་ཡེ་ཤེས་རྡོ་རྗེ་ནི། ཕྱི་ལོ་ ༡༡༠༡ ལོར་ཡུལ་ལུ་ར་ལ་འཁྲུངས་ཤིང་རུས་བྱ་ཡིན། སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་སྟེ། མཚན་ལ་ཡེ་ཤེས་རྡོ་རྗེ་གསོལ། ཤ་ར་བ་ཡོན་ཏན་གྲགས་ལས་བློ་སྦྱོང་གི་ཁྲིད་ཚར་གཅིག་ལ་ལོ་ངོ་གཅུ་གསུམ་གྱི་རིང་ལ་གསན་པས་ཇི་ལྟ་བ་བཞིན་དུ་ཐུགས་རྒྱུད་ལ་འཁྲུངས། གཞན་རས་ཆུང་པ་དང་། བྱ་ཡུལ་བ། དགེ་བཤེས་བཙན་སོགས་བླ་མ་མང་པོའི་ཞབས་ལ་གཏུགས། མལ་གྲོར་བྱོན་ནས་འཆད་ཁ་དགོན་པ་བཏབ། རང་རྣམ་ཚིགས་བཅད་མ་བརྩམས། ཕྱི་ལོ་ ༡༡༧༥ ལོར་སྐུ་གཤེགས། སློབ་མའི་གཙོ་བོ་སེ་སྤྱིལ་བུ་ཆོས་ཀྱི་རྒྱལ་མཚན་ཡིན།

ཕབ་ལེན། PDF ཕབ་ལེན། EPUB ཕབ་ལེན། ཁྲིད་ཡོད། 1

ཤོག་ངོས་འདི་ལ་ཐེངས་ 6356 གཟིགས་འདུག
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com