ཐོག་མའི་བཟོ་དུས། Thu 19 Feb 2015 | 15:12

སྟོན་པའི་གཏད་རབས་བདུན་གྱི་བྱུང་རིམ།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

tbnj333301དེབ་ཨང་།  TBNJ333301
ཐོར་བུ། ༼རྣམ་ཐར་སོགས།༽
སྤྱིའི་ཨང་། ༡༩༨
མཚན་བྱང་། སྟོན་པའི་གཏད་རབས་བདུན་གྱི་བྱུང་རིམ།
ཕྱོགས་སྒྲིག་མཁན། རིག་མཛོད་རྩོམ་སྒྲིག་པ།
བརྗོད་བྱ། སྟོན་པའི་གཏད་རབས་བདུན་གྱི་བྱུང་བ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་རིང་ལུགས་དྲི་མ་མེད་པ་ཕན་བདེ་འབྱུང་གནས་བསྟན་པ་རིན་པོ་ཆེ་འདི་ཉིད། སྟོན་པ་ཉིད་ཀྱི་ཉན་ཐོས་དགྲ་བཅོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་གཏད་པའི་བྱུང་རིམ་གསལ་བའི་འཕྲུལ་དེབ་འདི་ནི། གཏད་རབས་འདི་དག་གི་བྱུང་རིམ་མདོར་བསྡུས་ཤིག་ངོ་སྤྲོད་ཙམ་གྱི་ཆེད་དུ་རྩོམ་སྒྲིག་པས་དུས་ཐུང་ནང་བཏུས་བསྒྲིགས་བྱས་པ་ཡིན་ཞིང་། རྗེས་སུ་སྟོན་པ་ཐུགས་རྗེ་ཅན་དང་གཏད་རབས་བདུན་གྱི་བྱུང་རིམ་འཚོལ་སྡུད་ཀྱིས་ཁ་སྣོན་དང་ཇེ་རྒྱས་སུ་བཏང་སྟེ། སྟོན་པའི་མཛད་རྣམ་དབུ་བཞུགས་ཀྱི་འཕྲུལ་དེབ་རྒྱས་པ་ཞིག་གཟིགས་པ་པོ་རྣམས་ལ་འབུལ་ཐུབ་པ་བྱེད་ངེས་ཡིན།

ཕབ་ལེན།   PDF  ཕབ་ལེན།    EPUB  ཕབ་ལེན།

ཤོག་ངོས་འདི་ཐེངས་ 314 བཀླགས་འདུག
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.orgགློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com