པར་བཤུ།
སྡེ་ཚན། མཁན་རབས་རིམ་བྱོན་གྱི་ངོ་སྤྲོད།
ཀློག་གྲངས། 1600

སེར་བྱེས་མཁན་རབས་བཅུ་བཞི་པ་འཕྲིན་ལས་ལྷུན་གྲུབ་མཆོག་ནི། སྐུ་གཞོན་ནུ་ནས་རབ་ཏུ་བྱུང་། སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ། གཙང་སྟོད་རིན་ཆེན་བཤེས་གཉེན་དང་། པཎ་ཆེན་བསོད་ནམས་ལྷུན་གྲུབ་སོགས་བསྟེན་ནས་གཞུང་ཆེན་སློབ་གཉེར་མཐར་ཕྱིན་གནང་། མཁས་གྲུབ་རིན་ཆེན་བཤེས་གཉེན་ལས་རྟ་མགྲིན་ཡང་གསང་གི་ཆོས་སྐོར་ཆ་ཚང་གསན། དེ་ནས་སེར་བྱེས་གྲྭ་ཚང་གི་སློབ་དཔོན་དུ་ཕེབས། [འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཁ་གསལ་མ་རྙེད།]

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།