མཛད་པ་པོ། འབྲུག་པ་སངས་རྒྱས་རྡོ་རྗེ།
བརྗོད་བྱ། སྙན་ངག་མེ་ལོང་གི་ལེའུ་གསུམ་གྱི་དཔེར་བརྗོད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0294
ཡིག་ཆའི་རྣམ་པ། PDF
དེབ་ཀྱི་ལྗིད་ཚད། 828KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འབྲུག་པ་སངས་རྒྱས་རྡོ་རྗེ་ནི། ལ་སྟོད་མང་དཀར་དུ། ཕྱི་ལོ་༡༥༦༩ ལོར་སྐུ་འཁྲུངས། ཆུང་དུས་སུ་ངོར་ལ་ཅུང་ཟད་བཞུགས། དགུང་ལོ་བཅུ་གཉིས་པར་རྒྱལ་བྱེད་སྔགས་གྲྭ་ལ་ཞུགས། མཁན་པོ་སྤྲུལ་སྐུ་པད་དཀར་དབང་པོ་ལ་གཙུག་ཕུད་ཕུལ། མཚན་སངས་རྒྱས་རྡོ་རྗེར་གསོལ། ཀུན་མཁྱེན་པདྨ་དཀར་པོ་ལས་དགེ་བསྙེན་དགེ་ཚུལ་གྱི་སྡོམ་པ་ཞུས་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་གསན་སྦྱངས་གནང་། ཙ་རི་སོགས་སུ་ལོ་བཞི་ལྔའི་བར་སྒྲུབ་པ་མཛད། དགུང་ལོ་སོ་གསུམ་པ་ལ་མཉམ་མེད་ལྷ་རྩེ་ལས་བསྙེན་པར་རྫོགས། ལྷུན་རྩེ་བདུད་འདུལ་གྲྭ་ཚང་གི་སློབ་དཔོན་གནང་། སྟོད་འབྲུག་གི་བསྟན་པ་འཛིན་སྐྱོང་གི་ཐུགས་འགན་བཞེས། ཟུར་ཕུག་ཏུ་སྒོམ་ཆེན་ལྔ་བཅུ་སྐོར་འདག་སྦྱར་དཀྱུས་སུ་འཛུད་པའི་རྒྱུན་བཙུགས་པ་སོགས་སྒོ་དུ་མ་ནས་རྒྱལ་གྱི་ཤྲཱི་བའི་བསྟན་པའི་སྲོག་རྩ་མཐུད་དེ་དར་ཞིང་རྒྱས་པར་མཛད། སློབ་མ་ལ་དུས་ཞབས་པ་དཔལ་རྒྱས་དབང་པོ་སོགས་བྱུང་། ཕྱི་ལོ་ ༡༦༤༥ ལོར་སྐུ་གཤེགས། གསུང་རྩོམ་ལ་པོ་ཏི་བརྒྱད་བཞུགས།
PDF ཕབ་ལེན། |
---|