རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག །གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2021 ལོའི་ཟླ་བ། Feb ཚེས། 28 རེས་གཟའ། Sun

དབུ་མ་འཇུག་པའི་རྣམ་བཤད།

sjrb-0348མཛད་པ་པོ། ༧རྒྱལ་བ་དགེ་འདུན་རྒྱ་མཚོ།
བརྗོད་བྱ།
ཟབ་མོ་དབུ་མའི་ལྟ་བའི་སྐོར།
རིག་མཛོད་དེབ་ཨང་།
SJRB-0348
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.4MB
༢༠༢༡ ཟླ་ ༢ ཚེས་ ༢༨ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ྋརྒྱལ་བ་དགེ་འདུན་རྒྱ་མཚོ་མཆོག་ནི། རབ་བྱུང་བརྒྱད་པའི་མེ་སྤྲེལ་སྤྱི་ལོ་ ༡༤༧༦ ལོར་གཙང་རྟ་ནག་ཡུལ་གྱི་སོ་ནམ་པའི་ཁྱིམ་དུ་ཡབ་ཀུན་དགའ་རྒྱ་མཚོ་དང༌། ཡུམ་ཀུན་དགའ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་ྋརྗེ་དགེ་འདུན་གྲུབ་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད། དགུང་ལོ་བཅུ་གཉིས་པར་གྲྭ་སར་ཞུགས་ཏེ་དགེ་བཤེས་ལུང་རིགས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། གདན་ས་ཆེན་པོ་འབྲས་སྤུངས་སུ་ཕེབས་ཏེ་གནས་རྙིང་རིན་པོ་ཆེ་ལས་བསྙེན་པར་རྫོགས་ཤིང་། དབུ་མ། ཚད་མ། ཕར་ཕྱིན་བཅས་ལ་མཁས་པར་སྦྱངས། དེ་ནས་ལྷོ་ཁ་དང༌། དྭགས་པོ། སྣར་ཐང༌། རྭ་སྒྲེང་སོགས་སུ་ཞབས་ཀྱིས་བཅགས་ཏེ་ཞྭ་སེར་བསྟན་པའི་མེ་རོ་གསོས། ལྷ་མོའི་བླ་མཚོའི་ཉེ་འགྲམ་དུ་གདན་ས་ཆོས་འཁོར་རྒྱལ་ཕྱག་བཏབ། གདན་ས་བཀྲ་ཤིས་ལྷུན་པོ་དང༌། འབྲས་སྤུངས་དགོན་གྱི་ཁྲི་ལ་བཀོད། སེ་ར་ཐེག་ཆེན་གླིང་གི་མཁན་པོའང་མཛད། འབྲས་སྤུངས་དགོན་དུ་བཞུགས་གནང་མཛད་སྐབས་དགའ་ལྡན་ཕོ་བྲང་ཕྱག་འདེབས་མཛད་ནས་སྡེ་སྲིད་བསྐོ་བཞག་བྱེད་པའི་ལམ་ལུགས་བཙུགས། ཁོང་རབ་བྱུང་དགུ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་ ༡༥༤༣ ལོར་འབྲས་སྤུངས་སུ་སྐུ་མྱ་ངན་ལས་འདས་པ་བཅས་སོ།
ཁོང་གི་གསུང་རྩོམ་ནི། དོན་རྒྱན་སོ་ལྔའི་དཔེར་བརྗོད་དང༌། གྲུབ་མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས། སྟོང་ཉིད་བདུན་ཅུའི་རྣམ་བཤད། རྟེན་འབྲེལ་བསྟོད་པའི་རྣམ་བཤད། དབུ་མ་འཇུག་པའི་རྣམ་བཤད། དཀར་ཆག་དང་རྣམ་ཐར་སོགས་པོ་ཏི་གསུམ་ཙམ་བཞུགས།

PDF       ཕབ་ལེན།
ངོ་ཤོག 8 ནས་ 752