པར་བཤུ།
སྡེ་ཚན། གསལ་བསྒྲགས།
ཀློག་གྲངས། 9063

sd0003༄༅། །མཆོག་ཏུ་བཀུར་འོས་དོན་གཉེར་ཅན་རྣམས་ཀྱི་སྙན་ལམ་དུ།

 

སྟབས་ཞུ།

འདི་ག་[སེར་བྱེས་རིག་མཛོད་ཆེན་མོའི་]དྲ་ཚིགས་ནི་གངས་ཅན་པའི་སྐད་ཡིག་དང་རིག་གཞུང་མི་ཉམས་བརྒྱུད་འཛིན་དང་གོང་འཕེལ་སོགས་ཀྱི་ཆེད་དུ་གསར་འཛུགས་བྱས་པའི་དྲ་ཚིགས་ཤིག་ཡིན་ལ།

འདི་ནི་ཆེད་དུ་རང་རེའི་སྐད་ཡིག་དང་རིག་གཞུང་ལ་དུང་བ་ཟབ་པའི་དོན་གཉེར་ཅན་རྣམས་དང་གངས་ཅན་པའི་སྐད་ཡིག་དང་རིག་གཞུང་ལ་ཞབས་འདེགས་ཞུ་རྒྱུ་ཁོ་ནར་དམིགས་པ་ཞིག་ཡིན་པས། དྲ་ཚིགས་སུ་བཞག་པའི་འཕྲུལ་དེབ་དང་དཔེ་ཁྲིད་སོགས་ཀྱང་རིན་མེད་དུ་ཕབ་ལེན་དང་གསན་གཟིགས་གནང་ཐུབ་པ་བཟོས་ཡོད་ཅིང་། ཟླ་ཤས་གོང་ནས་གསན་པ་པོས་གསན་པ་དང་ཕབ་ལེན་སྟབས་བདེར་དམིགས་ཏེ་(SoundCloud)ཞེས་པའི་མཉེན་ཆས་འདི་ཉོས་ཏེ་དཔེ་ཁྲིད་ཚང་མ་འདིའི་ནང་དུའང་བླུགས་ཡོད། མཉེན་ཆས་འདིའི་སྟེང་ནས་དཔེ་ཁྲིད་གསན་ཚེ་དྲ་རྒྱའི་བརྒྱུད་ལམ་ཤུགས་ཆེན་པོ་མི་དགོས་ཤིང་གསན་ན་ཡང་ཧ་ཅང་སྟབས་བདེ་བ་སོགས་མཉེན་ཆས་འདི་ལ་ཁྱད་ཆོས་མང་ཞིང་གཞུང་ཆེན་ཁག་གི་དཔེ་ཁྲིད་གང་དགོས་འཚོལ་བཤེར་བརྒྱུད་བཙལ་ན་ཡང་རྙེད་ཐུབ། ང་ཚོའི་དྲ་ཚིགས་བརྒྱུད་མཉེན་ཆས་འདི་ཁ་ཕྱེས་ན་རང་ཉིད་ཀྱི་དགོས་མཁོ་བཞིན་དཔེ་ཁྲིད་ཕབ་ལེན་ཡང་གནང་ཆོག །ཁ་པར་སོགས་སུ་ཕབ་ལེན་གནང་མི་དགོས་པར་ཐད་ཀར་གསན་འདོད་ཡོད་ཚེ། (SoundCloud)ཡི་མཉེན་ཆས་ཕབ་ལེན་གནང་ན། གསན་རྒྱུར་ཧ་ཅང་སྟབས་བདེ་ཡིན། ཀུ་ཤའི་ཁ་པར་སོགས་སུ་མཉེན་ཆས་དེ་ཕབ་ལེན་བྱེད་སྟངས་ནི། ཐོག་མར་ཁ་པར་སོགས་ཀྱི་མཉེན་ཆས་ཕབ་ལེན་བྱེད་ས་ཁ་ཕྱེས་ཏེ་དེ་ཕབ་ལེན་བྱས་རྗེས་དེའི་འཚོལ་བཤེར་དུ་[སེར་བྱེས་རིག་མཛོད་ཆེན་མོ།]བཏགས་ཚེ་ང་ཚོ་རྩོམ་སྒྲིག་ཁང་གི་ (SoundCloud) འོངས། དེ་ནས་ (Playlists) ནང་དུ་འཛུལ་ན་དཔེ་ཁྲིད་གང་ཡོད་སྡེ་ཚན་བྱས་ཏེ་ཐོན་འོངས་པས་གསན་ན་སྟབས་བདེ་བོ་ཡོད།

ཞེས་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་ཕྱི་ལོ་༢༠༡༦ལོའི་ཟླ་༠༢ ཚེས་༢༧ ཉིན་གུས་པས་ཕུལ