sd0002༄༅། །མཁྱེན་པའི་སྤྱན་ཡངས་དགེ་བའི་བཤེས་གཉེན་རྣམས་དང་སློབ་གཉེར་བ་ཡོངས་ཀྱི་སྤྱན་ལམ་དུ།

ཆེད་ཞུ།

རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་མི་ཉམས་བརྒྱུད་འཛིན་དང་། གོང་འཕེལ། བརྡ་འཕྲིན་གྱི་དུས་རབས་འདིར་རང་རེའི་ཤེས་རིག་གི་རྒྱགས་ཕྱེ་དང་། རྣམ་དཔྱོད་ཀྱི་ཉིང་བཅུད་རྣམས་ཀྱང་། འོད་རླབས་ཀྱི་འགྲོས་དང་མཉམ་དུ་ཡངས་པའི་ས་ཆེན་ལ་ཁྱབ་སྤེལ་བྱ་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་སྟེ།

འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་རིག་མཛོད་དཔྱད་བརྗོད་དུས་དེབ། [དཔྱད་བརྗོད་འཕྲུལ་དེབ་ཀྱི་དུས་དེབ་]རྩོམ་སྒྲིག་འགྲེམས་སྤེལ་བྱ་འཆར་ཡོད་ལགས་ན། གཞུང་བརྒྱ་ཁོང་དུ་ཆུབ་པའི་དགེ་བའི་བཤེས་གཉེན་རྣམས་དང་། རྣམ་དཔྱོད་མཆོག་ཏུ་ཡངས་པའི་སློབ་གཉེར་བ་རྣམས་ཀྱིས་མཁྱེན་དཔྱོད་ཀྱི་ལྗགས་རྩལ་ལས་ཐོན་པའི་བརྗོད་གཞི་ངེས་མེད་ཀྱི་གཞུང་ཆེན་མོའི་སྐོར་གྱི་དཔྱད་བརྗོད་ཀྱི་རྩོམ་ཡིག་གང་མང་འདི་ག་རྩོམ་སྒྲིག་ཁང་ལ་གནང་སྐྱོང་ཡོང་བ་མཁྱེན་མཁྱེན། རབ་རྩོམ་ཡིག་རྣམས་གློག་འཕྲིན་བརྒྱུད་དེ་འདི་ག་རྩོམ་སྒྲིག་ཁང་དུ་བསྐུར་བའམ། རྩོམ་སྒྲིག་ཁང་གི་ཉེ་འཁོར་དུ་བཞུགས་པ་ཚོས་རྩིས་འཁོར་དུ་བཏགས་ནས་འདི་ག་རྩོམ་སྒྲིག་ཁང་དུ་འཐེབ་སྡེར་[pendrive]ནང་དུ་འཁྱེར་འོང་ནའང་འགྲིག །
རྩོམ་ཡིག་འདི་གར་འབྱོར་རྗེས་རྩོམ་སྒྲིག་པས་འདེམས་སྒྲུག་བརྒྱུད་རྩོམ་སྒྲིག་བྱ་རྒྱུ་ཡིན།

ཞེས་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་ཕྱི་ལོ་༢༠༡༨ ལོའི་ཟླ་༨ ཚེས་༢༢ ཉིན་གུས་པས་ཕུལ།


This email address is being protected from spambots. You need JavaScript enabled to view it.

གསལ་བསྒྲགས།

ཆེད་གཉེར་གཞེན་སྐུལ།

སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 2645