sd00018༄༅། །ཕྱི་ལོ་༢༠༡༨ལོའི་ཟླ་༨ཚེས་༡༧ ཉིན་སེར་བྱེས་ཕྱག་མཛོད་ཁངགིས་དབུ་ཁྲིད་ནས་རྒྱང་ཐག་སྤྱི་ལེ་༢༠ཆོད་པའི་ Kodagu རྫོང་གི་མངའ་ཁོངས་སུན་ཊིའི་ཀོ་པར་(Sunti kopa) ཆར་ཞོད་གནོད་ཚབས་ཐེབས་པའི་ཡུལ་མི་ཚོར་དཀའ་སེལ་རོགས་སྐྱོར་དུ་ཉལ་ཆས་༣༠༠ ལྷག་ཕུལ་བ་དང་། སླར་ཡང་འདི་ཟླའི་༢༡ ཉིན་སེར་བྱེས་གྲྭ་ཚང་ཕྱག་མཛོད་ཁངགི་གོ་སྒྲིག་འོག་སེར་བྱེས་སློབ་གྲྭ །

དེ་བཞིན་དང་བླངས་གྲྭ་དམངས་བཅས་ཀྱིས་རྒྱང་ཐག་སྤྱི་ལེ་༧༥ཙམ་ཆོད་པའི་Kodagu རྫོང་གི་ས་ཁུལ་ཁག་བཅུ་གཅིག་ནང་དཀའ་ ངལ་ཅན་གྱི་ཡུལ་མི་རྣམས་ལ་ཐུགས་གསོའི་འཕྲལ་སེལ་རོགས་སྐྱོར་ཉལ་ཆས་༡༥༠༠ དང་། ཨི་སི་ཊི་ལེའི་སྡེར་མ་དང་ཕོར་བ་གྲངས་༡༠༠༠། ཕྲུ་གུའི་བལ་བཟོས་ཞྭ་མོ་དང་སྟོད་ཐུང་། མི་རྒན་པའི་བལ་བཟོས་སྟོད་ཐུང་བཅས་ཁྱོན་༢༥༠༠། བཅས་ཕུལ་ཏེ་གདུངསེམས་ མཉམ་སྐྱེདདང་། ལྷག་པར་སེར་བྱེས་འདུས་པ་རྒྱ་མཚོའི་ངོས་ནས་ཀྱང་ཡངས་པའི་རྒྱལ་ཁམས་ཀུན་ལ་འབྱུང་བཞིའི་གོད་ཆག་གཙོས་མི་མཐུན་གེགས་བར་མཐའ་དག་དམིགས་མེད་ཞི་བའི་ཐུགས་སྨོན་མཚམས་སྦྱར་དང་བཅས།

སེར་བྱེས་གྲྭ་ཚང་ནས་ཕྱི་ལོ་༢༠༡༨ལོའི་ཟླ་༨ཚེས་༢༢ ཉིན་ལ།