long lifr prayer ceremony 01བརྟན་བཞུགས་གསལ་བསྒྲགས།

རང་ཅག་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་པ་དང་།

འདི་ལོའི་སྐུའི་དགུང་ཀེག་དངོས་གཞི་དང་བསྟུན་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་བརྟན་བཞུགས་འདེགས་འབུལ་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་སྐལ་བཟང་སྨིན་རྩོལ་བྱུང་བར། དེ་ཡང་ཆུ་སྟོད་ཟླ་བའི་ཚེས་ ༡༤ སྟེ་ཕྱི་ཟླ་ ༨ ཚེས་ ༡༤ ལྷག་དཀར་དགེ་བའི་ཉིན་ཐུགས་གཏན་འཁེལ་སོང་ན་དེ་ལུགས་དགོངས་མངའ་འཚལ།long lifr prayer ceremony 02

                 ཚོགས་ཡུལ། :: སེར་བྱེས་གྲྭ་ཚང་གི་འདུ་ཁང་།
                 ཚོགས་དུས། :: སྔ་དྲོ་ཆུ་ཚོད་ ༨།༣༠ ནས་འགོ་འཛུགས།
                 ཚེས་གྲངས། :: ༢༠༡༩།༨།༡༤ རེས་གཟའ་ལྷག་པ།

སེར་བྱེས་གྲྭ་ཚང་ནས་ ༢༠༡༩།༧།༢༣ ལ། །

གསལ་བསྒྲགས།

ཆེད་གཉེར་གཞེན་སྐུལ།

སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 2643