sd0023རྒྱུགས་སྤྲོད་གསལ་བསྒྲགས།

༄༅། །རྣམ་དཔྱོད་མཆོག་ཏུ་ཡངས་པའི་མཚུངས་མེད་སེར་བྱེས་སློབ་གཉེར་བ་རྣམས་ཀྱི་སྙན་ལམ་དུ།

ཆེད་ཞུ།

   ཚང་མས་དགོངས་མངའ་བཞིན་བོད་རྒྱལ་ལོ་ ༢༡༤༦ བོད་ཟླ་ ༧ ཚེས་ ༡༧།༡༩ དང་། ཕྱི་ཟླ་ ༩ ཚེས་ ༡༦།༡༨ རེས་གཟའ་ཟླ་བ་དང་ལྷག་པ་ཉིན་གཉིས་རིང་ལོ་འཁོར་བློ་རྒྱུགས་ཆེན་མོ་དང་།


   བོད་ཟླ་ ༧ ཚེས་ ༢༠།༢༡ དང་། ཕྱི་ཚེས་ ༡༩།༢༠ རེས་གཟའ་ཕུར་བུ་དང་པ་སངས་བཅས་ལ་ཟུར་སྦྱོང་རྒྱུགས་སྤྲོད་དང་།
   བོད་ཟླ་ ༧ ཚེས་ ༢༢ ཕྱི་ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་དམིགས་བསལ་བློ་རྒྱུགས་བཅས་ལེན་གཏན་འཁེལ་བ་ལགས་ན་སློབ་གཉེར་བ་རྣམས་ཀྱིས་སློབ་གཉེར་ཐོག་འབད་བརྩོན་ལྷོད་མེད་བྱས་ཏེ་གོང་ཚེས་ཉིན་སྔ་དྲོ་ཕྱག་ཚོད་ ༧།༡༥ ཐོག་ངེས་ཕེབས་ཡོང་བའི་གསལ་བརྡ་རུ་སེར་བྱེས་ནང་བསྟན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས།

ཕྱི་ལོ་ ༢༠༡༩།༨།༢༡ ལ།