པར་བཤུ།
སྡེ་ཚན། གསལ་བསྒྲགས།
ཀློག་གྲངས། 2401

sd0026གསལ་བསྒྲགས།

འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གི་འགན་འཛིན་བསམ་བྱ་གཞུང་ཀླུ་སྒྲུབ་པ་རྒྱུད་ཀྱི་ཆོས་ཐོག་འཁོར་དགོས་པ་སོགས་ཀྱིས་གྲྭ་ཚང་གི་ཕྱག་མཛོད་དང་རྒྱུན་ལས་རྣམས་ལ་རྩ་དགོངས་ཞུས་པར་བརྟེན། རྒྱུན་ལས་ནས་དགོངས་འཁྲོལ་བྱུང་བ་དང་། རྩོམ་སྒྲིག་ཁང་གི་ལས་བྱེད་རྙིང་པའི་གྲས། ལྷོ་སྐལ་བཟང་ཐར་འདོད་དང་། བྱ་གྲོལ་སྡེ་རྒྱ་མཚོ། མངའ་ཐུབ་བསྟན་ཚེ་རིང་གསུམ་ལ་རྒྱུན་ལས་རྣམས་དང་ཕྱག་མཛོད་བཅས་ཀྱིས་རེ་སྐུལ་བྱས་པ་ལྟར། རྣམ་པ་གསུམ་མཉམ་འབྲེལ་གྱིས་རྩོམ་སྒྲིག་གི་ལས་ཀ་བྱེད་རྒྱུའི་ཁས་ལེན་བྱུང་སྟེ་བོད་རྒྱལ་ལོ་ ༢༡༤༦ དང་རབ་གནས་ས་ཕག་ལོ། སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༥ ཚེས་ ༠༩ ཉིན་གྲྭ་ཚང་གི་ཕྱག་མཛོད་སོགས་མཉམ་འཛོམས་ཀྱིས་རྩོམ་སྒྲིག་ཁང་གི་ཅ་དངོས་རྣམས་དང་།

དྲ་རྒྱའི་གསང་གྲངས་ཁག །ཡིག་ཆ་གཞན་རྣམས་བཅས་འགན་འཛིན་གསར་པ་གསུམ་ལ་རྩིས་སྤྲོད་གཙང་མ་བྱས་ཡོད་པས་རྗེས་འཆར་འགན་འཛིན་གསར་པ་རྣམས་ཀྱིས་ལས་ཀ་བྱེད་རྒྱུ་ཡིན་ལགས་ན་ལས་བྱེད་གསར་པའི་ལས་དོན་ལ་རྒྱབ་སྐྱོར་རྒྱ་གང་ཆེ་གནང་སྐྱོང་ཡོང་བ་མཁྱེན་མཁྱེན།

༢༠༢༠ ལོའི་ཟླ་ ༠༥ ཚེས་ ༠༩ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་གུས་པས་ཕུལ།