ཐོག་མའི་བཟོ་དུས། Mon 16 Feb 2015 | 12:33

མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ།

དྲ་འཇུག་པ།
ཚད་གཞི།
(5 འོས་འཕེན།)

zksg148001དེབ་ཨང་།  ZKSG148001
གཞུང་ཆེན་ཁག [གསང་སྔགས།] སྤྱིའི་ཨང་། ༡༦༥
མཚན་བྱང་། རྒྱུད་སྡེའི་སྤྱིའི་རྣམ་པར་གཞག་པ་རྒྱས་པར་བཤད་པ།
མཛད་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། [༡༣༨༥-༡༤༣༨]
བརྗོད་བྱ། རྒྱུད་སྡེ་སྤྱིའི་རྣམ་གཞག
རྣམ་པ། PDF ཤོག་གྲངས། 188 ཆེ་ཆུང་། 1.4 MB
ཡིག་གྲངས། 218,908
བསྐྱར་སྒྲིག་པ། རྩོམ་སྒྲིག་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ། 
༢༠༡༥ ལོའི་ཟླ་ ༠༨།༡༨ ལ་གསར་དུ་རྩོམ་སྒྲིག་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁས་གྲུབ་དགེ་ལེགས་དཔལ་བཟང་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་། ༡༣༨༥ ལོར་ལ་སྟོད་བྱང་གི་ས་ཆའི་ལྡོག་གཞུང་དུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་ཆོས་སྒོར་ཞུགས། མཚན་ལ་དགེ་ལེགས་དཔལ་བཟང་གསོལ། རྗེ་བཙུན་རེད་མདའ་བ་སོགས་ལས་གཞུང་ཆེན་ཁག་དང་གསང་སྔགས་ཀྱི་ཆོས་སྐོར་མང་པོ་གསན། དགུང་ལོ་ཉི་ཤུའི་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་གྱི་སྐབས་རྗེ་ཙོང་ཁ་པ་སེ་ར་ཆོས་སྡིངས་སུ་བཞུགས་པ་དང་མཇལ་ཞིང་། མདོ་སྔགས་ཀྱི་ཆོས་རྒྱུན་སྤྱི་དང་ཐུན་མོང་མ་ཡིན་པའི་གདམས་པ་ཡོངས་རྫོགས་གནང་། དགུང་ལོ་ཞེ་བདུན་གྱི་སྐབས་དགའ་ལྡན་གྱི་ཁྲིར་ཕེབས། སློབ་མ་གྲགས་ཆེན་མང་དུ་བྱུང་། ༡༤༣༨ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་ཆེན་བཅུ་གསུམ་ཙམ་བཞུགས།

PDF       ཕབ་ལེན།
ཤོག་ངོས་འདི་ཐེངས་ 499 བཀླགས་འདུག མཐའ་མའི་བསྐྱར་བཅོས། Fri 17 May 2019 | 15:54
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.orgགློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com