ཐོག་མའི་བཟོ་དུས།
Sat, 19/11/2016, 18:00

འཇིགས་བྱེད་དཔའ་གཅིག་གི་སྒྲུབ་ཐབས་སོགས་ཕྱོགས་བཏུས།

དྲ་འཇུག་པ།: 

དེབ་ཨང་། TBCU333302
ཐོར་བུ། ༼ཆོས་སྤྱོད།༽
སྤྱིའི་ཨང་། ༢༥༦ དཀར་ཆག
མཚན་བྱང་། འཇིགས་བྱེད་དཔའ་གཅིག་གི་སྒྲུབ་ཐབས་སོགས་ཕྱོགས་བཏུས།
ཕྱོགས་སྒྲིག་པ། རིག་མཛོད་རྩོམ་སྒྲིག་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

འཕྲུལ་དེབ་འདིར་དད་ལྡན་དོན་གཉེར་ཅན་དག་གི་ཞལ་འདོན་སོགས་ཀྱི་ཆེད་དུ། འདི་ག་རྩོམ་སྒྲིག་པས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཕྱག་ལེན་མི་འདྲ་བ་ཁ་ཤས་དང་རྩ་རྒྱུད་རྒྱུད་རྟོག་བདུན་པ། བདག་འཇུག་བསྙེན་ཡིག་དང་སྦྱིན་སྲེག་སྦྱང་ཆོག་སོགས་ཕྱོགས་བསྒྲིགས་ཀྱིས་རྩོམ་སྒྲིག་བྱས་ཡོད།

ཕབ་ལེན།   PDF  བ་ལེན།    EPUB  ཕབ་ལེན།

ཤོག་ངོས་འདི་ཐེངས་ 889 བཀླགས་འདུག མཐའ་མའི་བསྐྱར་བཅོས། Sat, 19/11/2016, 18:08
ཚད་གཞི།:
(1 འོས་བླུགས། )
སྤྱི་ཚོགས་འབྲེལ་མཐུད་དྲྭ་གནས་ཁག :
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག ། iPad,iPhone&iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། This email address is being protected from spambots. You need JavaScript enabled to view it.
སྡེ་ཚན་འདིའི་ནང་དུ་མང་། « རྣམ་རྒྱལ་མའི་སྟོང་མཆོད།