ཤོག་ངོས་འདི་པར་འདེབས།
དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Feb ཚེས། 11 རེས་གཟའ། Thu

༢༠༢༡ ལོ་གསར་འཚམས་འདྲི།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

བཀྲ་ཤིས་གང་ཞིག་བླང་དོར་བློ་མིག་དྲི་མེད་རིགས་པས་འབྱེད། །
བཀྲ་ཤིས་གང་ཞིག་རང་གཞན་རིས་མེད་ཕན་བདེའི་ལམ་དུ་འཇུག །
བཀྲ་ཤིས་གང་ཞིག་སྣོད་བཅུད་དོ་སྙོམས་རྒུད་ཚོགས་ངང་གིས་ཞི། །
བཀྲ་ཤིས་གང་ཞིག་འཇིག་རྟེན་སྐྱེ་དགུའི་བདེ་སྐྱིད་རྩ་བ་ཚུགས། །
བོད་རྒྱལ་ལོ་ ༢༡༤༨ རབ་བྱུང་བཅུ་བདུན་པའི་བགྲང་བྱ་ ༣༥ པ་ལྕགས་མོ་གླང་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་དང་ཆབས་ཅིག །འཛམ་གླིང་ཡངས་པའི་སྐྱེ་འགྲོ་མཐའ་དག་རང་དབང་ཞི་བདེའི་དཔལ་ལ་རོལ་བའི་སྨོན་འདུན་གྲངས་མེད་ཞུ།
༢༠༢༡།༠༢།༡༢ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

ཤོག་ངོས་འདི་ལ་ཐེངས་ 285 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2021 ལོའི་ཟླ་བ། Feb ཚེས། 11 རེས་གཟའ། Thu
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག །གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

གསར་ཤོས་དག ། རིག་མཛོད་རྩོམ་སྒྲིག་པ།

འབྲེལ་ཡོད་དག