རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

tbl164010དེབ་ཨང་།  TBL164010
ཐོར་བུ། ༼ལམ་རིམ།༽
སྤྱིའི་ཨང་། ༡༨༩
མཚན་བྱང་། ལམ་རིམ་གསེར་ཞུན་མ།
མཛད་པ་པོ། རྒྱལ་བ་བསོད་ནམས་རྒྱ་མཚོ།༼༡༥༤༣-༡༥༨༨༽
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་བའི་རིམ་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

རྒྱལ་བ་བསོད་ནམས་རྒྱ་མཚོ་ནི། ཕྱི་ལོ་ ༡༥༤༣ ལོར་ལྷ་སའི་སྟོད་ལུང་མདའི་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་བཞི་པར་རྒྱལ་བ་དགེ་འདུན་རྒྱ་མཚོོའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བདུན་པར་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་གཉིས་པར་བསྙེན་རྫོགས་བསྒྲུབས། ཁྲི་ཆེན་མཆོག་སོགས་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན། ཆོས་སྡེ་རྣམས་སུ་གསུང་ཆོས་ཀྱང་སྩལ། དགུང་ལོ་ཉེར་དྲུག་པར་འབྲས་སྤུངས་སུ་ཕན་བདེ་ལེགས་བཤད་གླིང་གསར་འཛུགས་གནང་། དགུང་ལོ་སོ་གཅིག་པར་རྣམ་རྒྱལ་གྲྭ་ཚང་ཕྱག་བཏབ། དགུང་ལོ་སོ་བཞི་པར་སོག་པོའི་ཆ་ཧར་རྒྱལ་པོའམ་ཇིང་གིར་གྱི་གདུང་རབས་བཅུ་བདུན་པ་ཨལ་ཐན་ཁཱང་གིས་སོག་ཡུལ་དུ་གདན་དྲངས་ཏེ་༼ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་༽ཞེས་པའི་མཚན་ཕུལ། དགུང་ལོ་སོ་བདུན་པར་ས་ཐམ་རྒྱལ་པོས་གདན་འདྲེན་ཞུས་པ་ལྟར་འཇང་ཡུལ་དང་ལི་ཐང་དུ་ཕེབས། ཕྱི་ལོ་ ༡༥༨༨ ལོར་སོག་ཡུལ་འོ་ཐུ་མེ་འུར་སྐུ་གཤེགས། གསུང་རྩོམ་ལ་པོད་འབྲིང་གཅིག་ལྷག་བཞུགས།

ཕབ་ལེན། PDF ཕབ་ལེན། EPUB ཕབ་ལེན།AUDIO ཁྲིད་ཡོད། 1 2

ངོ་ཤོག 619 ནས་ 637