• 1
  • 2
  • 3
  • 4
  • 5
ལོ་གསར་གྱི་ཤིས་ཚིག

ལོ་གསར་གྱི་ཤིས་ཚིགབཀྲ་ཤིས་གང་ཞིག་ཁ་བའི་ཡུལ་དུ་རང་དབང་ཉི་མ་མྱུར་དུ་འཆར་ཞིང་སྡེ་བཞིའི་དཔལ་ཡོན་དར་བར་ཤོག །བཀྲ་ཤིས་གང་ཞིག་འགྲོ་བའི་བདེ་དགའ་དབྱར་གྱི་མཚོ་མོའི་དཔལ་ལ་བསྙེགས་ཤིང་ལུས... རྒྱས་པར་གཟིགས་་་

རྗེ་ཙོང་ཁ་པའི་གསུང་འབུམ་ཡོངས་འཕྲུལ་དེབ་ཏུ་ལེགས་པར་གྲུབ།

འདི་ག་རྩོམ་སྒྲིག་ཁང་གི་ལས་བྱེད་ཚོས་ལོ་གཉིས་ལྷག་ལ་ལས་ཞོར་དུ་མ་དཔེ་དང་གཤིབ་བསྡུར་བྱས་ཏེ་རྗེ་ཙོང་ཁ་པའི་གསུང་འབུམ་ཡོངས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་ལེགས་པར་གྲུབ་སོང་། དེ་ཡང་འདི་... རྒྱས་པར་གཟིགས་་་

སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་ར་སོགས་དབུ་འབྱེད་གནང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་ར་གསར་པ་སོགས་དབུ་འབྱེད་གནང་སོང་།   བོད་རྒྱལ་ལོ་༢༡༤༤ལོའི་བོད་ཟླ་༡༡ཚེས༣དང་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༡ ར... རྒྱས་པར་གཟིགས་་་

རྟ་མགྲིན་ཡང་གསང་གི་བཀའ་དབང་སྩལ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟ་མགྲིན་ཡང་གསང་གི་བཀའ་དབང་སྩལ་སོང་།  ཕྱི་ལོ་༢༠༡༧ལོའི་ཟླ་༡༢ཚེས་༢༠ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་༨:༠༠ནས་༡༡:༣༠པར་ལ་༧སྤྱི་ནོ... རྒྱས་པར་གཟིགས་་་

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ག་སེ་ར་ཆོས་སྒར་དུ་ཆིབས་བསྒྱུར་བསྐྱངས་སོང་།     ཕྱི་ལོ་༢༠༡༧ལོའི་ཟླ་༡༢ཚེས་༡༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་ཡོལ་ཙམ་ལ་༧སྤྱི་ནོར་༧གོང་ས... རྒྱས་པར་གཟིགས་་་

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག ། iPad, iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།

གློག་འཕྲིན་ཁ་བྱང་། : This email address is being protected from spambots. You need JavaScript enabled to view it.

new year 2018

ལོ་གསར་གྱི་ཤིས་ཚིག
བཀྲ་ཤིས་གང་ཞིག་ཁ་བའི་ཡུལ་དུ་རང་དབང་ཉི་མ་མྱུར་དུ་འཆར་ཞིང་སྡེ་བཞིའི་དཔལ་ཡོན་དར་བར་ཤོག །
བཀྲ་ཤིས་གང་ཞིག་འགྲོ་བའི་བདེ་དགའ་དབྱར་གྱི་མཚོ་མོའི་དཔལ་ལ་བསྙེགས་ཤིང་ལུས་སེམས་སྐྱིད་པས་བརྟས་པར་ཤོག །
བཀྲ་ཤིས་གང་ཞིག་དམ་པའི་སྐུ་ཚེ་རྡོ་རྗེའི་ཁམས་སུ་ལེགས་པར་བརྟན་ཅིང་མཛད་བཟང་ཀུན་ལ་ཁྱབ་པར་ཤོག །
བཀྲ་ཤིས་གང་ཞིག་ཡངས་པའི་འཇིག་རྟེན་ཞི་བདེ་དཔལ་གྱིས་ཀུན་ནས་བསྐྱོར་ཞིང་འཚེ་མེད་གཡང་གིས་བསྐྱང་བར་ཤོག །
ཅེས་བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་ཚེས་ལ་ཤ་རུས་གདུང་རྒྱུད་གཅིག་པའི་རང་རིགས་སྤུན་ཟླ་རྣམས་གཙོ་བྱས་པའི་དུས་དང་རྣམ་པ་ཀུན་ཏུ་འདི་ག་རྩོམ་སྒྲིག་ཁང་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ཡོངས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་ལོ་གསར་པའི་ནང་ལ་ཁྱེད་རྣམས་ཀྱི་སྐུ་ལུས་བདེ་ཞིང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཕུལ་བ་ཡིན།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ༢༠༡༨།༠༢།༠༢ ལ།

 

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ག་སེ་ར་ཆོས་སྒར་དུ་ཆིབས་བསྒྱུར་བསྐྱངས་སོང་།
h h dalai lama arrives at sera 00     ཕྱི་ལོ་༢༠༡༧ལོའི་ཟླ་༡༢ཚེས་༡༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་ཡོལ་ཙམ་ལ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་སེ་ར་ཐེག་པ་ཆེན་པོའི་གླིང་གི་དགེ་འདུན་འདུས་མང་ཡོངས་གཙོ་བྱས་པའི་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་བའི་སེར་སྐྱ་སྟོང་ཕྲག་བརྒལ་བས་ཕེབས་བསུའི་ཁྲོད་འདི་ག་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཆིབས་བསྒྱུར་གནང་སོང་། ༧གོང་ས་༧སྐབས་མགོན་ཆེན་པོ་མཆོག་འདི་ག་ཆོས་སྒར་དུ་ཉིན་ཤས་བཞུགས་རྒྱུ་ཡིན་པ་དང་། སང་ཉིན་སེར་བྱེས་གྲྭ་ཚང་དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་དང་གནངས་ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་རའི་མཛད་སྒོ་དང་ལྷན་ཆོས་འབྲེལ་གནང་རྒྱུ་ཡིན་འདུག་ལ། སྤྱིར་གདན་ས་གསུམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྙེན་རྫོགས་ཀྱི་སྡོམ་པ་གནང་རྒྱུའི་མཛད་འཆར་ཡོད་ནའང་། སྐུ་ངལ་གྱི་རྐྱེན་གྱིས་གདན་ས་དགའ་ལྡན་དང་འདི་གཉིས་ཀའི་མཛད་འཆར་དེ་ཕྱིར་འཐེན་གནང་ཡོད་པ་དང་། སྔ་འགྱུར་རྙིང་མའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆིབས་བསྒྱུར་གྱི་མཛད་འཆར་ཡང་ཡོད་འདུག །འདི་གའི་མཛད་འཆར་ཁག་གྲུབ་པ་དང་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

  སེ་ར་ཐེག་པ་ཆེན་པོའི་གླིང་གི་འདུ་ཁང་ནང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། བཀའ་ཟུར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག །གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང་ཕྱག་མཛོད། ས་གནས་འགོ་འཛིན། ཕྱོགས་བཞུགས་སྤྱི་འཐུས་རྣམས་གཙོ་བྱས་པའི་དེར་འདུས་ཀྱི་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་སོགས་ལ་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་དངོས་གནས་དྲང་གནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པར་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ལོ་བརྒྱ་ཕྲག་རིང་ལ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་གདན་ས་ཆེ་གྲས་སེ་ར་ཐེག་ཆེན་གླིང་ལ་འཁྱུག་ཙམ་རིང་བཅར་ཐུབ་པ་བྱུང་བ་རེད། དེ་རིང་དགེ་འདུན་བགྲེས་སོང་དགུང་ལོ་བརྒྱད་ཅུ་གྱ་གྲངས་ནང་སླེབས་པ་མང་པོ་འདུག །ཁྱེད་རང་ཚོ་མཇལ་རྒྱུ་བྱུང་བ་ཧ་ཅང་དགའ་བོ་བྱུང་། དེ་བཞིན་དུ་དགེ་རྒན་ཚོ་ཡིན་ནའང་སྔོན་མ་ནས་ཧུར་ཐག་གནང་མཁན་གྱི་གྲས་རེད། དེ་རིང་འདིར་འཁྱུག་ཙམ་ཐུག་བ་ཧ་ཅང་དགའ་བོ་བྱུང་། ཁྱེད་རང་ཚོ་ཚང་མ་ལ་དམིགས་བསལ་གྱིས་འཚམས་འདྲི་ཞུ་གི་ཡོད། ཐོག་མའི་འཆར་གཞི་ལྟར་ན་དེ་རིང་འདིར་བསྙེན་རྫོགས་བསྒྲུབ་རྒྱུ་བྱས་པ་རེད། མུམ་བྷེ་ལ་ཉིན་གསུམ་རིང་གཏམ་བཤད་བྱས་པ་ཡིན། དེ་ནས་འབྲས་སྤུངས་ལ་སླེབ་དུས་དགའ་ལྡན་ལྔ་མཆོད་ཀྱི་ཉིན་མོར་འཁེལ་བ་རེད། དང་ཐོག་གི་མཛད་འཆར་གཞིར་བཟུང་བྱས་ན་སྟོང་པ་རེད། འོང་ཀྱང་ངོས་ནས་མང་ཚོགས་དང་ཐུག་ན་བསམས་པ་རེད། འབྲས་སྤུངས་བློ་གསལ་གླིང་གི་ཆོས་རྭ་རྒྱ་ཆེན་པོ་ཡོད་སྟབས་མི་མང་ཚོར་ཆོས་འབྲེལ་དམིགས་བསལ་མིན་པར་གཏམ་བཤད་བྱས་ན་བསམས་པ་རེད། གང་ལྟར་གཞིས་ཆགས་ཆེ་གྲས་རེད། ལོ་མང་རིང་ངོས་ལ་ཡོད་པའི་བསམ་ཚུལ་དེ་དག་བཤད་རྒྱུ་བྱུང་། ཕྱི་ཉིན་དེར་བསྙེན་རྫོགས་བསྒྲུབས་པ་རེད། དེ་ནས་ཆམ་པ་བརྒྱབ་ནས་སྣ་ཆུ་ཐོན་པ་དང་གློ་བརྒྱབ་སོང་། ཆམ་པ་ལམ་སང་དྲག་སྐྱེད་མ་བྱུང་བར་མུ་མཐུད་བསྡད་པར་བརྟེན་ཐང་ཆད་སོང་། སྤྱིར་ལོ་རེ་བཞིན་ཐང་ཆད་རྒྱུ་དེ་ཤུགས་ཆེ་རུ་འགྲོ་གི་འདུག །ནམ་རྒྱུན་ལ་དྭགས་ལ་ས་མཐོ་བོ་དང་ས་སྐམ་པོ་རེད། རྡ་སར་ཆར་ཤུགས་ཆེ་དྲགས་ནས་བཞའ་ཚན་ཡོད་པར་བརྟེན་ལ་དྭགས་ས་སྐམ་པོ་ཡིན་སྟབས་འཕྲོད་པོ་ཡོང་གི་ཡོད། དེ་སྔོན་ལ་དྭགས་ལ་ཡོད་དུས་འཕྲོད་པོ་མ་བྱུང་། ཕར་ཚུར་འགྲོ་དུས་ཐང་ཆད་ཡོང་གི་འདུག །དེར་བརྟེན་ཉི་མ་ཁ་ཤས་ངལ་གསོ་བརྒྱབ་པ་ཡིན། ད་ལྟ་ལུད་པ་ཅུང་ཙམ་ཡོང་གི་འདུག་མ་གཏོགས་ཆམ་པ་དྲག་སྐྱེད་བྱུང་འདུག །ཐང་ཆད་པ་དེ་ཡང་གསོས་འདུག །ཁས་ཉིན་སྔ་དྲོ་དགའ་ལྡན་ནས་མི་མང་ལ་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་བྱས་པ་རེད། ཐོག་མའི་འཆར་གཞི་ལྟར་ན་ཆུ་ཚོད་གཅིག་རིང་རེད། དེ་ཉིན་ཐང་ཆད་མ་སོང་། མཇུག་ཏུ་ཆུ་ཚོད་ལྟ་དུས་ཆུ་ཚོད་ཧ་ལམ་གསུམ་ཙམ་ཕྱིན་འདུག །སྐྱོན་གང་ཡང་མ་བྱུང་། ཁ་སང་མོ་ཊ་ནང་ཐོན་ཏེ་དེ་རིང་འདིར་འབྱོར་བ་རེད། བསྙེན་རྫོགས་སྒྲུབ་མི་དགོས་པ་བྱོས། དེའི་ཚབ་ལ་མང་ཚོགས་ལ་ཆོས་འབྲེལ་གྱི་སྒོ་ནས་རྟ་མགྲིན་གྱི་དབང་གནང་ན་བསམས་པ་རེད། དེ་ལ་དམིགས་བསལ་གྱི་ཁས་ལེན་གང་ཡང་མི་དགོས། ངོས་ཀྱི་ངོ་ཤེས་པ་དེ་འདྲ་ཡང་ཕལ་ཆེར་ཁ་ཤས་ཡོང་གི་རེད། གནངས་ཉིན་སེ་ར་སྨད་ལ་ཆོས་ར་གསར་པ་དབུ་འབྱེད་བྱེད་རྒྱུ་བྱས་པ་ཡིན། དེ་དང་མཉམ་དུ་རྟེན་འབྲེལ་བསྟོད་པའི་བཤད་ལུང་གནང་རྒྱུ་བྱས་པ་ཡིན། ངོས་རང་མགྱོགས་པོ་གཟུགས་པོ་ཡར་ལས་སླ་བོ་བྱས་ནས་གསོས་པ་དང་ཐང་མ་ཆད་པའི་ཆ་རྐྱེན་གཙོ་བོ་དེ་གཉིད་རེད་འདུག །ངོས་རང་གི་གཉིད་དེ་སྣང་དག་མེད། དུས་རྒྱུན་ཆུ་ཚོད་དགུ་དང་བཅུ་གཉིད་ཉལ་གྱི་ཡོད། མདང་དགོང་ངོས་རང་ཆུ་ཚོད་བཅུ་རིང་རྦད་དེ་གཉིད་ཁུག་འདུག །ཞོགས་པ་ཆུ་ཚོད་བཞི་ཙམ་ལ་ཡར་ལང་གི་ཡོད། དགོང་མོ་ཆུ་ཚོད་ལྔ་བ་དྲུག་པ་ནས་གཉིད་ཁུག་འགྲོ་གི་འདུག །སྔ་མོ་སྟག་བྲག་རིན་པོ་ཆེ་སྐྱབས་སུ་མཆི་དགུང་ལོ་བདུན་ཅུ་དོན་གྲངས་རེད། གཉིད་མ་ཁུག་པའི་སྐུ་ངལ་ཧ་ཅང་ཡོང་གི་འདུག །ངོས་རང་ལ་གཉིད་མ་ཁུག་པའི་སེམས་ཁྲལ་ཁྱོན་ནས་མེད། དེ་ཁེ་སང་ཞིག་རེད། གཉིད་ཆུ་ཚོད་དགུ་དང་བཅུ་ཉལ་ནས་གླ་ཆ་སྤྲོད་དགོས་པ་མིན་འདུག་ལ་འགྲོ་སོང་འཕར་མ་སྤྲོད་དགོས་པའང་མི་འདུག །གཉིད་སྐྱིད་པོ་ཁུག་གི་འདུག །ཁ་རྩང་ཁས་ཉིན་དགའ་ལྡན་ལ་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་སྐབས་དགེ་འདུན་པ་དང་མང་ཚོགས་མང་བོ་ཞིག་བསླེབས་འདུག །ངོས་ཀྱིས་དགེ་འདུན་པ་དང་མང་ཚོགས་རྣམས་ལ་བློ་བདེ་བོ་བྱས་ནས་བཞུགས་རོགས་ཞུས་པ་ཡིན། ད་ལྟ་ལོ་རྒན་བརྒྱད་ཅུ་གྱ་གསུམ་ལ་སླེབས་ཡོད་ཀྱང་གཟུགས་པོ་བདེ་ཐང་ངང་ཡིན་སྐྱོན་ཁྱོན་ནས་མི་འདུག་ཅེས་ཞུ་རྒྱུ་ཡིན། ཚང་མ་བློ་བདེ་བོ་བྱས་ནས་བཞུགས་རོགས། བར་སྐབས་ངོས་ཀྱིས་འབད་བརྩོན་བྱེད་རྒྱུའི་དོན་ཚན་བཞི་པ་རྒྱ་གར་ནང་དུ་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་བསྐྱར་གསོ་བྱེད་རྒྱུའི་སྐོར་ཡིན། ངོས་རང་གི་ཉམས་མྱོང་ཐོག་ནས་མི་འདྲ་མིན་ཐུག་ནས་ངོས་ཀྱི་བསམ་ཚུལ་བཤད་དུས་མི་མང་བོ་ཞིག་གིས་བློ་ལ་འབབ་པོ་དང་དགའ་བོ་བྱེད་ཀྱི་འདུག །ངོས་ཀྱིས་བཤད་པ་དེ་དག་ཚང་མ་པཎ་གྲུབ་བཅུ་བདུན་གྱི་གཞུང་ལས་མར་ཡོང་བ་ཤ་སྟག་རེད། སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ནང་ཆོས་ཀྱི་གཞུང་ནས་གསུངས་པའི་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན་དེ་དག་གིས་མི་མང་པོར་ཕན་གྱི་ཡོད་པའི་བཟོ་འདྲ་ཞིག་འདུག །རྒྱ་གར་ལ་མི་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་འདུག །དེ་ངོས་རང་གཅིག་པོའི་ལས་འགན་མ་རེད། སློབ་གཉེར་ཡོད་བསྡད་པའི་ཁྱེད་རང་ཚོས་རྒྱ་གར་ནང་ལ་རིམ་པས་ཤེས་ཡོན་ཐོག་ལ་ཞབས་འདེགས་ཏན་ཏན་སྒྲུབ་ཐུབ་པ་ཞིག་ཡོང་གི་རེད། རིམ་པའི་ང་ཚོས་འཆར་གཞི་བཟོ་དགོས། སེ་ར་བྱེས་ནས་ལོ་ཤས་གོང་ནས་ཏུམ་ཀུར་གཙུག་ལག་སློབ་གྲྭར་འབྲེལ་བ་བྱས་པ་རེད། ཏུམ་ཀུར་གཙུག་ལག་སློབ་གྲྭ་ནས་ཚུར་གྲྭ་སར་སློབ་ཕྲུག་ཡོང་ན་ཡག་པོ་ཡོད། རིམ་པས་བཀྲ་ཤིས་ལྷུན་པོའི་དགོན་པ་དང་། རྣམ་གྲོལ་གླིང་། དགའ་ལྡན། འབྲས་སྤུངས་སོགས་ནས་དེ་ལྟར་བྱས་ཐུབ་ན་ཡག་པོ་ཡོད་པ་རེད། མདོ་དོན་སྙིང་བོ་དེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་འཚོ་བོད་ལ་གདན་དྲངས་ནས་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་རིགས་པའི་ལམ་ནས་ཕབ་པ་དེ་ང་ཚོར་བརྩི་སྤྲོད་གནང་ཡོད། ད་ང་ཚོས་རྒྱ་གར་ནང་ཞབས་འདེགས་ག་རེ་སྒྲུབ་ཐུབ་ཀྱི་འདུག །དེའི་སྐོར་ང་ཚོས་བསམ་བློ་གཏོང་དགོས། རྒྱ་གར་ནང་གནའ་རབས་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་བསྐྱར་གསོ་བྱ་དགོས། རྒྱ་གར་མང་གཙོའི་ལུང་པ་ཆེ་ཤོས་ཆགས་ཡོད། རྒྱ་གར་ནང་ཤུགས་རྐྱེན་བྱུང་བ་ཡིན་ན། དེ་ནས་རིམ་པས་ཨེ་ཤི་ཡ་དང་རྒྱ་ནག་ནང་ཤུགས་རྐྱེན་ཏན་ཏན་ཡོང་གི་རེད།
  ཆོས་དང་མ་འབྲེལ་བའི་སེམས་ཁམས་རིག་པ་དང་ཤེས་ཡོན་རང་གི་འདུ་ཤེས་ཐོག་ནས་ཕྱིན་པ་ཡིན་ན་འཛམ་བུ་གླིང་སྤྱི་ལའང་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་གི་རེད། ང་ཚོས་ད་ལྟའི་བར་དུ་ཤེས་ཡོན་ཉར་ཚགས་བྱས་ཡོད་པ་དེ་འཛམ་བུ་གླིང་ལ་རྒྱ་བསྐྱེད་བྱེད་རྒྱུ་དང་། རིམ་པ་དང་པོ་དེ་རྒྱ་གར་ནང་ལ་སླར་གསོ་བྱེད་དགོས། ཚན་རིག་སྐོར་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། འབྲས་སྤུངས་བློ་གསལ་གླིང་ལ་ཚན་རིག་སློབ་གཉེར་ཁང་བརྒྱབ་ཡོད་པ་དང་འཛིན་ཁང་ལ་སོགས་ཧ་ཅང་ཡག་པོ་འདུག །དཔེར་ན་སློབ་དཔོན་ལེགས་ལྡན་གྱི་གཞུང་དེ་དག་ནང་ལ་དེའི་ཚེ་དེའི་དུས་ཕྱི་ནང་གི་གྲུབ་མཐའ་ཚང་མ་གསུང་གི་ཡོད། དེའི་ཚེ་དེའི་དུས་མེད་པ་ནི་ཚན་རིག་རེད། དེ་རིག་གནས་གསར་པ་ཆགས་ཡོད། ཚན་རིག་གིས་གཙོ་བོ་མཐོང་བ་མངོན་གྱུར་སྐོར་གསུང་གི་ཡོད། སངས་རྒྱས་པའི་གཞུང་ནས་ཀྱང་མཐོང་བ་མངོན་འགྱུར་དེ་གལ་ཆེན་པོ་རྩི་ཡི་ཡོད། དེར་བརྟེན་དེའི་ཚེ་དེའི་དུས་མེད་མཁན་དེ་དེང་དུས་རིག་གསར་ཚན་རིག་ཟེར་བ་དེ་རེད། ང་ཚོས་དེ་སྣོན་པ་རྒྱག་ཐུབ་པ་བཟོ་དགོས། ཚན་རིག་གི་ནང་ནས་མ་རྙེད་པ་དང་མེད་པར་གྱུར་བ་དེ་དག་དབྱེ་བ་འབྱེད་དགོས། ང་ཚོ་བཙན་བྱོལ་ལ་བསླེབས་ནས་ལོ་ ༥༨ ཕྱིན་པ་རེད། དེ་བཞིན་དུ་གདན་ས་ཁག་དེ་དག་བཙུགས་ནས་ལོ་འདི་འདྲ་མང་བོ་ཕྱིན་པ་རེད། ད་ང་ཚོས་གཞི་ནས་ཤེས་ཡོན་ཐོག་ནས་འཛམ་བུ་གླིང་ལ་ཞབས་འདེགས་ག་རེ་སྒྲུབ་ཀྱི་འདུག་གམ་དེའི་སྐོར་བསམ་བློ་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ། བཀའ་སློབ་འདི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་བཤུས་པ་ཡིན།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༡༢།༡༩ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

ངོ་ཤོག 1 ནས 40 བར།