དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Sep ཚེས། 13 རེས་གཟའ། Sun

དབུ་མ་རྒྱན་གྱི་རྩ་འགྲེལ།

དྲ་འཇུག་པ།
ཚད་གཞི།
(12 འོས་འཕེན།)

sjrb-0225མཛད་པ་པོ། མཁན་ཆེན་ཞི་བ་འཚོ།
བརྗོད་བྱ།
སྟོང་པ་ཉིད།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0225
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
803KB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༣ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

མཁན་ཆེན་ཞི་བ་འཚོ་ནི། ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དུ་བགྲངས། རྒྱལ་སྲིད་ལ་མ་ཆགས་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སློབ་དཔོན་དུལ་བའི་སྡེ་ལས་མངོན་པར་རྟོགས་པའི་རྒྱན་གསན། བོད་དུ་བྱོན་ནས་རྒྱལ་བསྟན་རྒྱས་པར་མཛད། ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་སད་མི་བདུན་རབ་ཏུ་བྱུང་། གོང་མ་ཁྲི་སྲོང་ལྡེ་བཙན་གྱིས་བཀས་བསྐུལ་ཏེ་སློབ་དཔོན་བི་མ་ལ་མི་ཏྲ་སོགས་པཎྡི་ཏ་མང་པོ་སྤྱན་དྲངས་པ་རྣམས་དང་ལྷན་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར། དེ་ནས་མཁན་ཆེན་ཞི་བ་འཚོས་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་དེ་སྐུའི་བཀོད་པ་བསྡུ་བ་ལ་ཕྱོགས་པ་ན་གོང་མ་ཁྲི་སྲོང་ལྡེ་བཙན་ལ། བོད་དུ་མུ་སྟེགས་ནི་མི་འབྱུང་གི །སངས་རྒྱས་ཀྱི་བསྟན་པ་ཉིད་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བས། དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག་ཅིག །རྩོད་པ་བྱས་པས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ་ཞི་བར་གཤེགས་སོ། །

ཕབ་ལེན།   PDF  ཕབ་ལེན།

ཤོག་ངོས་འདི་ལ་ཐེངས་ 4950 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2020 ལོའི་ཟླ་བ། Oct ཚེས། 04 རེས་གཟའ། Sun
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com