ཐོག་མའི་བཟོ་དུས།
Mon, 09/10/2017, 12:55

ཐུའུ་བཀྭན་གྲུབ་མཐའ།

དྲ་འཇུག་པ།: 

དེབ་ཨང་། ZKB183004
གཞུང་ཆེན་ཁག །༼གྲུབ་མཐའ།༽
སྤྱིའི་ཨང་། ༢༣༠
མཚན་བྱང་། ཐུའུ་བཀྭན་གྲུབ་མཐའ།
མཛད་པ་པོ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།༼༡༧༣༧-༡༨༠༢༽
བརྗོད་བྱ། ཕྱི་ནང་གི་གྲུབ་མཐའི་བྱུང་ཚུལ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ནི། ཕྱི་ལོ་ ༡༧༣༧ ལོར་ཕོ་རོད་ལང་གྲུའི་ཕུན་ཚོགས་ལུང་པར་སྐུ་འཁྲུངས། ཐུའུ་བཀྭན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་དགུང་ལོ་དྲུག་གི་སྐབས་དགོན་ལུང་དུ་གདན་འདྲེན་ཞུས། དགུང་ལོ་བཅུ་གཅིག་པར་རབ་ཏུ་བྱུང་བ་དང་། ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་ལ་ཐུགས་གཉེར་གནང་། དགུང་ལོ་བཅུ་དགུའི་སྐབས་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་དང་། གཞུང་ཆེན་ཁག་ལ་གསན་སྦྱོང་གནང་། དགུང་ལོ་ཉེར་གཅིག་པར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔའི་སྐབས་མདོ་ཁམས་སྨད་དུ་ཕེབས་ཏེ་དགོན་ལུང་དགོན་པའི་མཁན་པོ་མཛད། དགུང་ལོ་ཉེར་བདུན་པར་རྒྱ་ནག་གོང་མའི་རེ་སྐུལ་ལྟར་པེ་ཅིན་དུ་ཕེབས། དགུང་ལོ་སོ་གཉིས་པར་རང་དགོན་དུ་ཕེབས། དགུང་ལོ་སོ་བདུན་པར་ཡང་བསྐྱར་རྒྱ་ནག་པེ་ཅིན་དུ་ཕེབས། སྐུ་ཚེ་སྨད་དགོན་ལུང་དུ་ཕེབས་ཏེ་བཞུགས། བྱ་ཁྱུང་གི་མཁན་པོ་དང་། སྐུ་འབུམ་དགོན་པའི་ཁྲི་པ་མཛད། རྗེ་འདིས་དགོན་གནས་མང་དུ་བཏབ། ཕྱི་ལོ་ ༡༨༠༢ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོ་ཏི་བཅོ་ལྔར་བསྡུས་ཏེ་དགོན་ལུང་དུ་ཤིར་པར་བརྐོས་ཡོད།

ཕབ་ལེན།   PDF  ཕབ་ལེན།    EPUB  ཕབ་ལེན།

ཤོག་ངོས་འདི་ཐེངས་ 412 བཀླགས་འདུག མཐའ་མའི་བསྐྱར་བཅོས། Mon, 09/10/2017, 13:18
ཚད་གཞི།:
(0 འོས་འཕེན། )
སྤྱི་ཚོགས་འབྲེལ་མཐུད་དྲྭ་གནས་ཁག :
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག ། iPad,iPhone&iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། This email address is being protected from spambots. You need JavaScript enabled to view it.