ཤོག་ངོས་འདི་པར་འདེབས།
དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Sep ཚེས། 19 རེས་གཟའ། Sat

གཙང་རྟགས་ཆོས་གྲགས་དགོངས་རྒྱན།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

sjrb-0174མཛད་པ་པོ། གཙང་པཎྜི་ཏ་བློ་བཟང་བསྟན་པ་རྒྱ་མཚོ།
བརྗོད་བྱ། རང་དོན་ལེའུ་དང་གཞན་དོན་ལེའུའི་དཀའ་གནས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0174
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 262 ལྗིད་ཚད། 2.2MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གཞུང་འདིའི་མཛད་པ་པོ་གཙང་སྤྲུལ་བློ་བཟང་བསྟན་པ་རྒྱ་མཚོ་ནི། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ཕྱི་ལོ་༡༧༣༧ལ་མདོ་སྨད་ཨ་རིག་ཏུ་འཁྲུངས། རོང་བོའི་དགོན་ཆེན་དུ་བསྡུས་ཚན་རྣམ་འགྲེལ་སོགས་ཞིབ་སྦྱོང་མཛད། དབུས་སུ་ཕེབས་ནས་སེར་བྱེས་བྱ་བྲལ་ཁང་ཚན་དུ་སེར་བྱེས་དཔོན་སློབ་བྱམས་པ་སྨོན་ལམ་པ་སོགས་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཞིབ་སྦྱོང་མཛད་ཅིང་། གྲྭ་སར་ཕེབས་ནས་ཡུན་རིང་མ་སོང་བར་མཁས་པའི་གྲགས་པ་འབར། ༸པཎ་ཆེན་དཔལ་ལྡན་ཡེ་ཤེས་སེ་རར་ཕེབས་སྐབས་ཤིག་མངའ་རིས་དགེ་བཤེས་ཐོགས་མེད་ཞུ་བ་དང་ལྷན་དུ་རྣམ་འགྲེལ་ཚོགས་གླེང་མཛད་པར་༸པཎ་ཆེན་རིན་པོ་ཆེ་ནས་དེ་རིང་ཡིན་ན་ཨ་མདོའི་ཞབས་དྲུང་གིས་ཐོགས་མེད་ཐོགས་བཅས་བྱས་སོང་ཞེས་ཞལ་རྩེད་དང་། འདི་འདྲ་ཞིག་ཁ་དོག་དཀར་དམར་དུ་ཡོད་ཀྱང་ལྷ་རམས་པར་འོས་ཞེས་བསྔགས་བརྗོད་མཛད། དབུ་ཕར་འདུལ་མཛོད་ཀྱི་རྩ་འགྲེལ་ཁག་ལ་སློབ་གཉེར་རྡོ་རུས་ཐུག་པ་གནང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དང། བྲག་རི་ངག་དབང་དོན་གྲུབ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་ཀྱི་མདུན་དུ་མདོ་རྒྱུད་ཀྱི་དབང་ལུང་མན་ངག་བཀའ་ཆོས་གང་གནང་ཆག་མེད་གསན་ཞིང་། གཞན་ལའང་དཔེ་ཁྲིད་དོགས་གཅོད་རྒྱ་ཆེར་གནང་། སློབ་གཉེར་མཐར་ཕྱིན་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་བཞག་ཅིང་། གཞུང་ས་མཆོག་ནས་ལོ་དེའི་ལྷ་རམས་ཨང་དང་པོའི་གཟེངས་བསྟོད་བཀའ་དྲིན་གནང་། ལྷ་རམས་དམ་བཅའ་གྲུབ་འཕྲལ་ཕ་ཡུལ་ཕྱོགས་སུ་ཆིབས་བསྒྱུར་གནང་སྟེ། རབ་བྱུང་བཅུ་གསུམ་པའི་ཤིང་བྱ་ཕྱི་ལོ་༡༧༦༥ལ་གཙང་དགོན་དོན་གྲུབ་རབ་བརྟན་གླིང་ཕྱག་བཏབ། གཞི་གསུམ་གྱི་ཕྱག་ལེན་དང་། བཀའ་པོད་ལྔའི་འཆད་ཉན་སེར་བྱེས་ལྟར་དང་། སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ལྟར་གྱི་སྔགས་ཕྱོགས་ཀྱི་འཆད་ཉན་ཡང་ལེགས་པར་བཙུགས། དགོན་པ་ཕྱག་བཏབ་ནས་དགོངས་པ་མ་རྫོགས་བར་ལམ་རིམ་ཆེ་ཆུང་གི་བཤད་ལུང་། གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་དོགས་གཅོད། རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བདེ་གཉིས་ཀྱི་རྩ་འགྲེལ་གྱི་གཙོའི་སྔགས་ཀྱི་གཞུང་དུ་མའི་བཤད་ལུང་ཁྲིད་རྒྱུན། སྒྲ་གསོ་རྩིས་དཀར་ནག་སུམ་རྟགས་སྙན་ངག་སྡེབ་སྦྱོར་སོགས་ཐུན་མོང་རིག་གནས་ཀྱི་གཟབ་ཁྲིད་རྒྱུན་སྐྱོང་། བསྟན་པའི་གཞི་མ་དགེ་ཚུལ་སློང་གི་སྡོམ་པ་འབུལ་བ་སོགས་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ཉམས་ཡར་རྒྱས་སུ་འགྲོ་བའི་ཐབས་འབའ་ཞིག་གིས་ཉིན་མཚན་ཡོངས་སུ་འདའ་བར་མཛད། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཕྱི་ལོ་༡༧༨༠ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད།

སེར་བྱེས་རིག་མཛོད་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

PDF       ཕབ་ལེན།
ཤོག་ངོས་འདི་ལ་ཐེངས་ 12 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2026 ལོའི་ཟླ་བ། Sep ཚེས། 19 རེས་གཟའ། Sat
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

གསར་ཤོས་དག ། རིག་མཛོད་རྩོམ་སྒྲིག་པ།

འབྲེལ་ཡོད་དག