མཛད་པ་པོ། སེར་བྱེས་དགེ་བཤེས་བློ་བཟང་གྲགས་པ།
བརྗོད་བྱ། རྗེ་ཙོང་ཁ་པའི་རྣམ་ཐར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0516
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 69 ལྗིད་ཚད། 713KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་དགུ་པར་གསར་དུ་འགྲེམ་སྤེལ་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་ནི། ཕྱི་ལོ་༡༩༦༩ལོར་མདོ་ཁམས་དཀར་མཛེས་སུ་སྐྱེས་ཤིང་། ཕྱི་ལོ་༡༩༧༦ལོ་ནས་དམའ་རིམ་སློབ་གྲྭར་འགྲིམ་ཞིང་རིམ་བཞིན་ཕྱི་ལོ་༡༩༨༤ལོར་དཀར་མཛེས་མི་རིགས་སློབ་འབྲིང་དུ་ཞུགས་ཏེ་ཕྱི་ལོ་༡༩༨༧ལོར་སློབ་མཐར་སོན། ཕྱི་ལོ་༡༩༨༨ལོར་དཀར་མཛེས་བཤད་སྒྲུབ་ནོར་བུ་གླིང་གི་ཆོས་སྒོར་ཞུགས་ནས་ལོ་ངོ་བཞི་ཙམ་མཚན་ཉིན་གྱི་གཞུང་ལ་སློབ་སྦྱོང་བྱས། ཕྱི་ལོ་༡༩༩༡ལོར་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་ཏེ་སེར་བྱེས་མཁས་སྙས་གྲྭ་ཚང་གི་ཆོས་སྒོར་ཞུགས། ཕྱི་ལོ་༢༠༠༤ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལ་ཞུགས། ཕྱི་ལོ་༢༠༠༩ལོར་སེར་བྱེས་གྲྭ་ཚང་དུ་སྔོན་འགྲོའི་གྲྭ་སྐོར་དམ་འཇོག་དང་། ཕྱི་ལོ་༢༠༡༠ལོའི་ལོ་འགོར་དགེ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་དགེ་བཤེས་ཀྱི་དམ་བཅའ་བཞག །ཕྱི་ལོ་ ༢༠༡༠ ལོར་གསང་སྡེ་སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ལོ་གཅིག་གི་རིང་སྔགས་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༡༡ ནས་བཟུང་ད་ལྟ་བར་རྫོང་དཀར་ཆོས་སྡེར་གྲྭ་ཚང་གི་གཞུང་ཆེན་དཔེ་ཁྲིད་དགེ་རྒན་བྱེད་མུས་ཡིན།
འཕྲུལ་དེབ་འདིར། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་བརྩམས་པའི་ཐོས་པ་ཡོངས་སུ་བཙལ་བའི་རིམ་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་ལས་བརྩམས་པའི་ཐོས་སུ་ཡོངས་སུ་བཙལ་བའི་རིམ་པ། རང་ཉིད་ཆོས་ཀྱི་རྒྱལ་པོའི་གོ་འཕང་བརྙེས་ནས་བསྟན་པ་དང་འགྲོ་བའི་དོན་མཛད་པའི་རིམ་པ་སྟེ་རིམ་པ་གསུམ་དུ་ཕྱེ་ཞིང་། དེ་དག་རྗེའི་དགུང་ལོའི་ལོ་ཚིགས་དང་སྦྱར་ནས་གོ་བདེ་ཞིང་གཟུང་སླ་བའི་ཕྱིར་ཚིགས་སུ་བཅད་པའི་རྣམ་པར་བརྩམས་པ་བཞུགས།
དེབ་འདི་རྩོམ་པ་པོའི་རེ་སྐུལ་ལྟར་འདི་གའི་དྲ་ཚིགས་སུ་བཀོད་པ་ཡིན་ལ། སེར་བྱེས་རིག་མཛོད་འཕྲུལ་དེབ་ཀྱི་གྲས་སུ་བགྲང་བའི་ཆེད་དུ་ཤོག་ངོས་གཅིག་ཁ་སྣོན་བྱས་ཡོད་པ་ལས་གཞན་མ་ཕྱི་དང་སྒྲིག་བཀོད་རང་འཇགས་སུ་བཞག་ཡོད།