མཛད་པ་པོ། ༸གོང་ས་ལྔ་པ་ཆེན་པོ་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0525
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 176 ལྗིད་ཚད། 4.1MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་བཅུ་པར་འགྲེམ་སྤེལ་བྱས།
ངོ་སྤྲོད་མདོར་བསྡུས།
དཔལ་རྟ་མགྲིན་ཡང་གསང་གི་ཆོས་སྐོར་འདི་ཉིད་སེར་བྱེས་རྟ་མགྲིན་བསྐང་གསོ་བ་སྐབས་བཅུ་པའི་འགན་འཛིན་རྣམ་པས་འབད་པ་ཆེན་པོས་ཞུ་སྒྲིག་གནང་སྟེ། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐབས་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་གསར་དུ་པར་སྐྲུན་ཞུས་པ་དང་། དེའི་མ་དཔེའི་འཕྲུལ་དེབ་དང་བཅས་རྟ་མགྲིན་བསྐང་གསོ་བའི་འགན་འཛིན་ནས་རེ་སྐུལ་གནང་དོན་ལྟར་འདི་གའི་དྲ་ཚིགས་སུ་བཀོད་པ་ཡིན་ལ། སེར་བྱེས་རིག་མཛོད་འཕྲུལ་དེབ་ཀྱི་གྲས་སུ་བགྲང་བའི་ཆེད་དུ་ཤོག་ངོས་གཅིག་ཁ་སྣོན་བྱས་ཡོད་པ་ལས་གཞན་མ་དཔེ་རང་འཇགས་སུ་བཞག་ཡོད། ཡང་ཀློག་པ་པོ་རྣམས་ཀྱིས་བེད་སྤྱོད་བདེ་བའི་ཆེད་དུ་མ་དཔེའི་འཕྲུལ་དེབ་ཀྱི་ལྗིད་ཚད་ཆུང་དུ་བཏང་ཡོད།
| PDF ཕབ་ལེན། |
|---|