མཛད་པ་པོ། དགེ་བཤེས་བསོད་ནམས་དབང་ལྡན།
བརྗོད་བྱ། དབུ་མའི་ལྟ་བའི་ཆོས་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0474
ཡིག་ཆའི་རྣམ་པ། PDF ཤོག་གྲངས། 353 ལྗིད་ཚད། 3.2MB
ཕྱི་ལོ་༢༠༢༥ ཟླ་བ་ལྔ་པར་གསར་དུ་བསྒྲིགས།
ངོ་སྤྲོད་མདོར་བསྡུས། དགེ་བཤེས་ལྷ་རམས་པ་བསོད་ནམས་དབང་ལྡན་མཆོག་ནི། བོད་ཤར་ཕྱོགས་མདོ་ཁམས་བཀྲ་ཤིས་དར་རྒྱས་དགོན་གྱི་ཉེ་འགྲམ་ཕྱི་ལོ་༡༩༨༠ ལོར་ཕ་བསྟན་འཛིན་དབང་འདུས་དང༌། མ་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་བུར་སྐྱེས། ལོ་བདུན་པར་ཡི་གེ་འབྲི་ཀློག་སོགས་འགོ་བཙུགས། ༡༩༩༢ ལོར་འཕགས་པའི་ཡུལ་དུ་འབྱོར་ཞིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། འཛིན་གྲྭ་བཅུ་པའི་བར་སེར་བྱེས་འབྲིང་རིམ་སློབ་གྲྭར་སློབ་སྦྱོང་བྱས་ཏེ། རྒྱལ་ཡོངས་འཛིན་རིམ་བཅུ་པའི་རྒྱུགས་སྤྲོད་གྲུབ།
༡༩༩༨ ལོར་ཆོས་གྲྭར་ཞུགས་ཏེ། སློབ་གཉེར་ཚུལ་བཞིན་བགྱིས། ༢༠༡༥ ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལ་ཞུགས་ཏེ། ལོ་དྲུག་རིང་རྒྱུགས་སྤྲོད་ལེགས་པར་གྲུབ། ༢༠༢༠ ལོར་རིགས་ཆེན་ཚོགས་ལངས་བྱས་ཏེ། ༢༠༢༡ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ལྷ་རམས་དགེ་བཤེས་ཀྱི་དམ་འཇོག་དང་གཏོང་སྒོ་སོགས་ལེགས་པར་གྲུབ།
གང་གིས་བརྩམས་གནང་བའི་དཔེ་དེབ་ཁག་ནི། སུམ་རྟགས་དགོངས་འགྲེལ་འདོད་འཇོའི་ནོར། སེར་བྱེས་ཏྲེ་ཧོར་སྒྲིག་སྲོལ་ཤཱཀྱའི་བསྟན་པའི་མཛེས་རྒྱན། བོད་ཀྱི་སྡེབ་སྦྱོར་རིག་པའི་གཞུང་ལུགས། ཆོས་རྗེ་ཤཱཀྱ་བསོད་ནམས་མཆོག་གི་རྣམ་ཐར། དབུ་མ་སུམ་འགྲེལ་སྟོད་ཆ། དབུ་མ་སུམ་འགྲེལ་སྨད་ཆ། དབུ་ཕར་དཀའ་གནད། འདུལ་བ་གནད་བསྡུས། སེར་བྱེས་མཁན་ཟུར་རྗེ་བཙུན་བློ་བཟང་དཔལ་ལྡན་གྱི་རྗེས་དྲན་སྙན་ངག །རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་དང་གཉིས་ཀྱི་སྐོར་དབྱིན་བོད་ཀྱི་དེབ་གཉིས། རྗེ་བྱམས་མཁས་པའི་རྣམ་ཐར་བཅས་དེབ་གྲངས་བཅུ་ཕྲག་ལྷག་རྩོམ་སྒྲིག་གནང་།
གཞན་ཡང་འཆད་ཁྲིད་དང་། བགྲོ་གླེང་། ཟབ་སྦྱོང་། ལེགས་སྦྱར་དང་པ་ལིའི་རྒྱལ་སྤྱི་དགེ་འདུན་པའི་ཤེས་ཡོན་བརྗེ་ལེན་ལས་འཆར། དེ་བཞིན་སྡིངས་ཆ་འདྲ་མིན་ཐོག་གཏམ་བཤད། མཻ་སོར་གཙུག་ལག་སློབ་གཉེར་ཁང་དང་ཟུང་འབྲེལ་གྱིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་གཞི་ལྷན་ཚོགས་དང་རྒྱུགས་ཞིབ་ལྷན་ཚོགས་ཀྱི་ཚོགས་མི་བྱས་མུས་ཡིན་པ་བཅས་སོ། །