མཛད་པ་པོ། དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ།
བརྗོད་བྱ། སེར་བྱེས་གྲྭ་ཚང་གི་ཆོས་འབྱུང་།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0484
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 634 ལྗིད་ཚད། 5MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༥ ལོའི་ཟླ་བཅུ་གཅིག་པར་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། སེར་བྱེས་གྲྭ་ཚང་གི་ཆོས་འབྱུང་འདི་ལ་ལེའུ་ཉེར་དགུ་ཡོད་པ་ལས་ལེའུ་བཅུ་དགུ་པ་ཡན་གྱིས་གླེགས་བམ་སྟོད་ཆ་འདི་གྲུབ་ཅིང་། འདིར་སྟོན་པ་བཀའ་དྲིན་ཅན་དང་རྗེས་འཇུག་འཕགས་ཡུལ་གྱི་མཁས་པ་འགའ་ཤས་ཀྱི་རྣམ་ཐར། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་བྱུང་བ། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དང་དགའ་ལྡན་ཁྲི་རབས་རིམ་བྱོན། ༸རྒྱལ་བ་༸པཎ་ཆེན་རྣམ་གཉིས་སོགས་ཀྱི་མཛད་རྣམ་དང་། གདན་ས་ཆེན་པོ་སེ་ར་ཐེག་པ་ཆེན་པོའི་གླིང་དང་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་ཕྱག་བཏབ་ཚུལ། སེ་ར་ཐེག་ཆེན་གླིང་གི་ཁྲི་རབས་མདོར་བསྡུས་དང་། སེར་བྱེས་གྲྭ་ཚང་ཕྱག་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ནས་མཁན་རབས་དོན་བཞི་པ་ཏྲེ་ཧོར་བློ་བཟང་དཔལ་ལྡན་བར་གྱི་མཁན་རབས་རིན་བྱོན་གྱི་མཛད་རྣམ། གྲྭ་ཚང་གཏོར་སྒྲུབ་སྐབས་ཀྱི་ཚོགས་གཏམ། གྲྭ་ཚང་གི་ཞལ་འདོན་ཆོས་སྤྱོད་ཀྱི་རིམ་པའི་རྩ་ཚིག །ཐུན་མོང་མ་ཡིན་པའི་དབྱངས་ཡིག་བཅས་བཞུགས།
| PDF ཕབ་ལེན། |
|---|