ཤོག་ངོས་འདི་པར་འདེབས།
དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Mar ཚེས། 13 རེས་གཟའ། Fri

རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའི་རྒྱན།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

sjrb-0482མཚན་བྱང་། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའི་རྒྱན།

མཛད་པ་པོ། སྐྱོ་བྲག་དགའ་དབང་།
བརྗོད་བྱ། མངོན་མཐོ་དང༌ངེས་ལེགས་ཀྱི་ལམ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0482
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 251 ལྗིད་ཚད། 3.7 MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་གསུམ་པར་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། སྐྱོ་བྲག་དགའ་དབང་ནི། ནང་ཆེན་སྐྱོ་བྲག་ཏུ། སྤྱི་ལོ་ ༡༩༧༤ ལོར། ཕ་འདན་མ་བུ་ཆུང་དང་། མ་ཨོར་ཆོས་གཉིས་ཀྱི་བུར་སྐྱེས། མ་ཡི་དྲུང་ནས་ཡི་གེ་འབྲི་ཀློག་སྦྱངས། ཆེར་ལོངས་པ་ན། སྐྱོ་བྲག་གསལ་བྱེད་རིན་པོ་ཆེ་ལ་སྐྲ་ཕུད་ཕུལ་ཏེ། འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་སྡེ་སྐྱོ་བྲག་དགོན་པའི་ཆོས་སྒོར་ཞུགས། དཔལ་སྤུངས་མཁན་པོ་དིས་ཆུང་བློ་ཆོས་སོགས་བཀའ་དྲིན་ཅན་གྱི་བླ་མ་དགེ་བའི་བཤེས་གཉེན་དུ་མ་ཞིག་གི་དྲུང་ནས། སུམ་རྟག་དག་ཡིག་སྙན་ངག་སོགས་བོད་ཀྱི་གཞུང་རིག་རྣམས་ལ་ཅི་ནུས་ཀྱིས་སྦྱངས། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེའི་དྲུང་ནས། བཀའ་བརྒྱུད་སྔགས་མཛོད་དང་། གདམས་ངག་མཛོད། ཕྱག་ཆེན་རྒྱ་གཞུང་སོགས་ཀྱི་དབང་ལུང་མན་ངག་ཚང་བར་ཞུས། རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་གི་བཤད་གྲྭ་ཀརྨ་ཤྲཱི་ནཱ་ལེནྡྲ་ལ་སོགས་པ་འཛམ་གླིང་གི་ས་གནས་མང་པོར་འགྲོ་བསྐྱོད་ཀྱིས་དམ་ཆོས་འཆད་སྤེལ་བྱས་དང་བྱེད་བཞིན་པ་ཡིན། གང་གིས་བརྩམས་པའི་དཔེ་ཆ་དག་ནི། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའི་རྒྱན། དབུ་མ་ཤེས་རབ་ལ་འཇུག་པའི་ཊཱིཀ་ཚིག་དོན་རབ་གསལ། སུམ་ཅུ་པའི་ཚིག་ལེའུར་བྱས་པའི་ཊཱིཀ་སེམས་དོན་གསལ་བ། དགེ་ཚུལ་གྱི་ཀཱ་རི་ཀཱ་ལྔ་བཅུ་པའི་འགྲེལ་བ་བག་ཆགས་མ། བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ། དོན་དམ་ཕྱག་རྒྱ་ཆེན་པོའི་མན་ངག་གི་སྙིང་པོ་ལྔ་ལྡན་རྡོ་རྗེའི་ཚིག་དོན་བཤད་པ་རིན་ཆེན་སིལ་མ། བྱང་ཆུབ་སེམས་དཔའི་བསླབ་བྱ་ནོར་བུའི་ཕྲེང་བའི་འགྲེལ་བ། ཁ་རག་སྒོམ་ཆུང་གི་བློ་སྦྱོང་ཨང་ཡིག་བདུན་ཅུ་མའི་འགྲེལ་བ་མཁའ་གྲུ་མ། དུས་རབས་གསར་པའི་བློ་ལྡོག་རྣམ་བཞི་སོགས་རྣམ་གྲངས་མང་ངོ་། །

ཤོག་ངོས་འདི་ལ་ཐེངས་ 71 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2026 ལོའི་ཟླ་བ། Mar ཚེས། 13 རེས་གཟའ། Fri
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

གསར་ཤོས་དག ། རིག་མཛོད་རྩོམ་སྒྲིག་པ།

འབྲེལ་ཡོད་དག