-
མདུན་ངོས།
-
མཁན་རབས་རིམ་བྱོན།
-
མཁན་རབས་རིམ་བྱོན།
- ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ
ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ
སེར་བྱེས་མཁན་རབས་དང་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་མཆོག་ནི། བོད་ལ་སྟོད་དུ་སྐུ་འཁྲུངས། མཚན་གཞན་མུས་སྲད་པ་ཡང་ཟེར།
དགུང་ལོ་གཞོན་ནུ་ནས་ཡབ་རྟོགས་ལྡན་ཡོན་ཏན་མགོན་པོ་དང་མཉམ་མེད་ནམ་མཁའི་རྣལ་འབྱོར་པ་གཉིས་ལས་སྔ་འགྱུར་ལུགས་ཀྱི་མདོ་རྒྱུད་ཀུན་གྱི་དབང་ལུང་ཁྲིད་མན་ངག་དང་ལྷག་པར་རྟ་མགྲིན་ཡང་གསང་ལྷ་དགུའི་ཆོས་སྐོར་སོགས་གསན་ཏེ་ཐུགས་ཉམས་སུ་བཞེས།
ཡུལ་དབུས་སུ་ཕེབས་ཏེ་རྗེ་བློ་བཟང་གྲགས་པ་དང་། མཁས་གྲུབ་རྗེ། འཇམ་དབྱངས་ཆོས་རྗེ་སོགས་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་མཐར་ཕྱིན་པ་མཛད། འབྲས་སྤུངས་ཟུར་ཁང་གི་འཆད་ཉན་གྱི་སློབ་དཔོན་མཛད་སྐབས་རྒྱུ་རྐྱེན་འགའ་ཞིག་གིས་འབྲས་སྤུངས་ནས་ཞབས་བཏེགས་ཏེ། འཇམ་དབྱངས་ཆོས་རྗེའི་ཡོན་ཏན་དྲན་པའི་བསྟོད་པ་ཡོན་ཏན་དཀྱིལ་འཁོར་མ་གསུང་བཞིན་ཞལ་སློབ་བརྒྱ་ཕྲག་ལྷག་ཙམ་དང་ལྷན་ཅིག་ཏུ་ཕེབས་པར་སེ་རའི་མཁན་སློབ་ཀུན་གྱིས་གུས་བཏུད་མཛད་ཅིང་། འདུ་ཁང་གི་གཡས་ཀྱི་གྲལ་མགོར་གདན་དྲངས་པའི་ཚེ། གནས་བཅུའི་ལྷ་ཁང་གི་གནས་བརྟན་ཡན་ལག་འབྱུང་བཞུགས་ཁང་བྲག་རི་ནས་མདུན་དུ་སྐུ་སྟོད་བཏུད་ཅིང་ཕྱག་གཉིས་ཐལ་མོ་སྦྱར་ནས། བྱེས་པ་བྱེས་ནས་བྱོན་པ་ལེགས། །ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས། །བསྟན་པའི་རྒྱལ་མཚན་འཛུགས་པ་ལེགས། །གྲལ་གཡས་གྲལ་གྱི་གྲལ་མགོར་བཞུགས། །ཞེས་གསུངས་ཤིང་། ཀུན་མཁྱེན་པ་ཉིད་ཀྱིས་རང་གི་རྗེས་འབྲང་བ་རྣམས་དང་། སེ་ར་ནས་རྒྱ་གྲྭ་ཚང་དང་འབྲོམ་སྟེང་གྲྭ་ཚང་། སྟོད་པ་གྲྭ་ཚང་ཕལ་ཆེར་དང་། གཞན་ཡང་ཕྱོགས་གཞན་ནས་ཡང་ཆོས་ཉན་པ་མང་དུ་འདུས་ཤིང་དེ་དག་ལ་དབུ་ཕར་ཚད་མ་སོགས་རྒྱུན་ཆགས་སུ་གསུངས་པ་དང་། དབུ་མའི་ཊཱིཀྐ་སོགས་བསྟན་བཅོས་མང་དུ་བརྩམས་པས་ཀུན་མཁྱེན་མུས་སྲད་པ་ཞེས་ཀྱང་གྲགས།
ཡབ་རྟོགས་ལྡན་ཡོན་ཏན་མགོན་པོའི་བཀའ་ལྟར། པདྨ་ཡང་གསང་གི་ཆོས་སྐོར་དང་། དཔལ་ལྡན་མདའ་འཕྱར་བའི་ཕྱག་ཕུར་སོགས་བཞེས་ཤིང་། ཡི་དམ་དེ་ཉིད་ཀྱི་ལས་བྱང་གསར་རྩོམ་མཛད་པ་དང་། གཞིས་ཀར་སྒྲུབ་དབང་དང་གཏོར་ཆེན་གྱི་ཕྱག་ལེན་བཙུགས་ཤིང་། ཀུན་མཁྱེན་པ་ཉིད་ཞབས་སྐོར་ལ་ཕེབས་རེས་ཀྱི་ན་བཟའ་ཚེར་ཕུང་ལ་ཐོགས་པ་ལན་ཁ་ཤས་བྱུང་བ་དང་། ནམ་ཞིག་བྱ་རོག་དམར་པོ་ཞིག་བྱུང་ནས་ཤིང་སེ་བའི་ཕུང་པོ་ལ་ཐིམ་པ་གཟིགས་ཤིང་། ཞིབ་གཟིགས་མཛད་པས་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཡུམ་བཅས་རྟ་སྐད་ལྷང་ལྷང་འཚེར་བ་གཟིགས། སེ་བ་དེ་ལ་སྲོག་ཤིང་བྱས་ཏེ་ཆོས་གོས་ཀྱིས་གཡོགས་ནས་བྱེས་གྲྭ་ཚང་གི་འདུ་ཁང་གི་སྦུག་ཏུ་རྟ་མགྲིན་ཡང་གསང་ཡབ་ཡུམ་གྱི་སྐུ་དེང་སྐབས་ཡང་མཇལ་དུ་ཡོད་པའི་སྐུ་འདི་བཞེངས་པ་ཡིན།
ཀུན་མཁྱེན་པས་བྱེས་བླ་བྲང་དུ་གཏོར་སྒྲུབ་བཙུགས་པའི་རྒྱུན་ཕྱི་ལོ་ ༡༩༥༩ ལོའི་བར་དུ་གནས། གསུང་རྩོམ་གྱི་སྐོར་ལ། དབུ་མའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དེ་ཉིད་གསལ་བྱེད། སོགས་བཞུགས། སློབ་མ་ཡང་གཉལ་སྟོན་དཔལ་སྟོན་དཔལ་འབྱོར་ལྷུན་གྲུབ་དང་། སློབ་དཔོན་དཔལ་ལྡན་བློ་གྲོས་པ་སོགས་གསུང་སྒྲོས་བརྒྱུད་འཛིན་པ་མང་པོ་བྱུང་བ་རྣམས་ཀུན་མཁྱེན་ཉིད་དགོངས་པ་རྫོགས་རྗེས།
གཉལ་སྟོན་ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ་ཀྱིས་སེ་རའི་མཁན་པོ་མཛད་སྐབས་སྣེའུ་རྫོང་དཔོན་དཔལ་འབྱོར་རྒྱལ་པོ་དང་། དཔོན་མོ་བུ་ཁྲིད་དཔལ་འཛོམས་གཉིས་ཀྱིས་ཀུན་མཁྱེན་གྱི་སློབ་མ་རྣམས་རྨང་གཞི་བྱས་པའི་གྲྭ་ཚང་ཞིག་གསར་འཛུགས་བྱ་རྒྱུའི་རེ་སྐུལ་དང་གྲྭ་ཚང་གི་ཚོགས་ཁང་། གྲྭ་ཤག་བཅས་གསར་སྐྲུན་གྱི་སྦྱིན་བདག་གནང་སྟེ་བྱེས་པ་གྲྭ་ཚང་འཛུགས་ཐུབ་པ་བྱུང་།
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
སེ་རའི་ངོ་སྤྲོད།
མཁན་རབས་རིམ་བྱོན།
སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་རིམ་བྱོན་གྱི་རྣམ་ཐར།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 5365
མཁན་ཆེན་ངག་དབང་རྒྱ་མཚོ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8079
མཁན་ཆེན་ལྷུན་འགྲུབ་ཐབས་མཁས།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 7825
མཁན་ཆེན་བློ་བཟང་དབང་ཕྱུག
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8159
མཁན་ཆེན་བློ་བཟང་དོན་ཡོད།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8194
མཁན་ཆེན་དོན་འགྲུབ་སྟོབས་རྒྱལ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8231
མཁན་ཆེན་ངག་དབང་ལེགས་ལྡན།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 7879
བཀའ་འགྱུར་བ་བློ་བཟང་ཐུབ་བསྟན།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8016
མཁན་ཆེན་བློ་བཟང་ཚེ་རིང་།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8223
མཁན་ཆེན་བྱམས་པ་ཐེག་མཆོག
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8028
མཁན་ཆེན་བློ་བཟང་དོན་ཡོད།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8083
མཁན་ཆེན་བློ་བཟང་དཔལ་ལྡན།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8284
མཁན་ཆེན་བློ་བཟང་བདེ་ལེགས།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8396
མཁན་ཆེན་དགེ་འདུན་ཆོས་འཕེལ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8646
མཁན་ཆེན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8356
མཁན་ཆེན་བཀྲ་ཤིས་ཚེ་ཐར།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8141
ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 7948
གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 7711
མཁན་ཆེན་དོན་ཡོད་དཔལ་ལྡན།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 7872
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8436
མཁན་ཆེན་ཤེས་རབ་སེང་གེ
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 7888
པཎ་ཆེན་བདེ་ལེགས་ཉི་མ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 7944
སྒོམ་སྡེ་ནམ་མཁའ་རྒྱལ་མཚན།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8202
མཁན་ཆེན་རིན་ཆེན་བཤེས་གཉེན།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8564
མཁན་ཆེན་འཕྲིན་ལས་ལྷུན་གྲུབ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8613
མཁན་ཆེན་རྒྱལ་མཚན་དོན་གྲུབ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 8823
མཁན་ཆེན་བློ་བཟང་ནོར་བུ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 9065
མཁན་ཆེན་ངག་དབང་དོན་གྲུབ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 9118
ཀེའུ་ཚང་བྱམས་པ་སྨོན་ལམ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 9208
མཁན་ཆེན་མཁྱེན་རབ་བཟང་པོ།
སྡེ་ཚན། : མཁན་རབས་རིམ་བྱོན། | ཀློག་གྲངས། 9217
གྲྭ་ཚང་གི་བྱེད་སྒོ་ཁག
༢༠༢༥ ལོའི་དཔྱིད་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 81
༢༠༢༥ ལོའི་དཔྱིད་ཆོས་དང་པོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 213
༢༠༢༥ ལོའི་དགུན་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 359
༢༠༢༤ ལོའི་སྟོན་ཆོས་གསུམ་པའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 362
༢༠༢༤ ལོའི་སྟོན་ཆོས་གཉིས་པའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 355
༢༠༢༤ ལོའི་སྟོན་ཆོས་དང་པོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 391
སེར་བྱེས་མཁས་སྙན་གྲྭ་ཚང་གི་སློབ་གཉེར་བའི་སློབ་ཚན་དང་རྒྱུགས་སྤྲོད་ཁག
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 488
༢༠༢༤ ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 489
༢༠༢༤ ལོའི་དབྱར་ཆོས་དང་པོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 588
༢༠༢༤ ལོའི་དཔྱིད་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 581
༢༠༢༢ ལོའི་སྟོན་ཆོས་གསུམ་པའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 13173
༢༠༢༢ ལོའི་སྟོན་ཆོས་གཉིས་པའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 11950
༢༠༢༢ ལོའི་སྟོན་ཆོས་དང་པོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 12061
༢༠༢༢ ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 11750
༢༠༡༩ ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 11595