གསལ་བསྒྲགས། (5)
ལས་བྱེད་ས་མིག་གསལ་བསྒྲགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་རིག་མཛོད་ཆེན་མོའི་ལས་བྱེད་གསར་བསྡུའི་གསལ་བསྒྲགས།
༄༅། །མཁྱེན་སྤྱན་རབ་ཏུ་ཡངས་ཤིང་རིག་གནས་ཀྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་རང་རེའི་མཁས་མང་འདུས་པ་རྒྱ་མཚོའི་སྙན་དབང་རིན་པོ་ཆེར་འབུལ་ལམ།
དེང་གི་ཆར་བརྡ་འཕྲིན་གྱི་དུས་རབས་དར་ཁྱབ་ཆེ་བའི་སྐབས་འདིར་སྔོན་ཐོན་གྱི་མི་རིགས་དག་གིས་སོ་སོའི་རིག་གཞུང་བརྡ་འཕྲིན་གྱི་ལམ་དུ་བསྐྱལ་ཏེ་དར་སྤེལ་དང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་ལྟར། འདི་གའི་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཀྱང་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་ཕྲན་ཙམ་ཞུ་སླད་གསུང་རབ་སོགས་ཀྱི་པར་རྩ་འཇུག་སྒྲིག་དང་། དེ་བཞིན་རིས་མེད་མཁས་པའི་འཆད་ཁྲིད་སོགས་དྲ་ངོས་སུ་བཞག་སྟེ། དོན་གཉེར་ཅན་དག་ལ་རིན་མེད་མཁོ་སྤྲོད་སོགས་སྤྱི་ཕན་གྱི་ལས་གཞི་གང་མང་ཞིག་སྒྲུབ་བཞིན་ཡོད་པ་ཚང་མའི་དགོངས་མངའ་ཡོད་པ་གཞིར་བཅས།
ད་ལྟའི་ཆར་འདི་གའི་རྩོམ་སྒྲིག་ཁང་གི་ལས་མི་ཁག་ཅིག་དགེ་བཤེས་ཀྱི་མཚན་རྟགས་གྲུབ་ནས་རྒྱུད་གྲྭར་ཆོས་ཐོག་ཕེབས་དགོས་པ་བཅས་ལ་བརྟེན། རྩོམ་སྒྲིག་ཁང་དུ་ལས་བྱེད་མི་གྲངས་གསུམ་ཙམ་ལ་ལས་ཀའི་ས་མིག་གི་གོ་སྐབས་ཡོད་ལགས་ན། ཕེབས་འདོད་ཡོད་པའི་བོད་ཀྱི་རིག་གཞུང་ལ་དུང་བ་ཟབ་པའི་མཁྱེན་ལྡན་པ་དག་གིས་ཐུགས་སྣང་ཡོང་བ་ཞུ།
འཛུལ་ཞུགས་ཀྱི་ཆ་རྐྱེན་ནི། དགེ་བཤེས་ནས་དབུ་མ་འཛིན་གྲྭ་སླེབས་པའི་བར་ཡིན། དེ་ཡང་བོད་ཡིག་རང་སྐྱ་ཕེལ་བ་དགོས་གལ་ཆེ། ལས་བྱེད་འཛུལ་ཞུགས་ཀྱི་མཚན་ཐོ་བསྡུས་གྲུབ་པའི་ཉིན་ཞིག་ལ་བོད་ཡིག་གི་ཤེས་ཚད་ལ་གཞིགས་ཏེ་འདེམ་སྒྲུག་བྱ་རྒྱུ་ཡིན། གལ་ཏེ་ཤེས་ཚད་འདྲ་མཉམ་པ་ཞིག་སླེབས་པ་ཡིན་ན་འཛིན་གྲྭ་རྒན་པ་དེ་ལ་གོ་སྐབས་མང་བ་ཡོད། ལས་བྱེད་དངོས་སུ་འདེམས་ཐོན་བྱུང་མཚམས་སུ་དེབ་གཟུགས་སྒྲིག་སྦྱོར་གྱིས་མཚོན་པའི་གློག་ཀླད་བཀོལ་སྤྱོད་དང་། རྒྱུན་སྤྱོད་ཀྱི་དྲ་རྒྱའི་སྐོར་སོགས་གསར་དུ་སྦྱོང་རྒྱུའི་གོ་སྐབས་ཀྱང་ཡོད། དེ་དོན་དགོངས་མངའ་ཡོང་བ་མཁྱཻན།
འབྲེལ་གཏུགས་ཁ་པར་ཨང་། ༩༨༨༠༣༨༨༨༠༦
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ ༢༠༢༤ ལོའི་ཟླ་༤ ཚེས་ ༡༧ ལ།
དེ་ལས་མང་བ།...
གལ་ཆེའི་ངོ་སྤྲོད་དང་གསལ་བཤད་འགའ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཁྱེན་ཡངས་དོན་གཉེར་ཅན་དག་གི་སྙན་ལམ་དུ།
སྟབས་གསོལ།
དགོངས་མངའ་ལྟར་<སེར་བྱེས་རིག་མཛོད་ཆེན་མོའི་>དྲ་ཚིགས་འདི་ཉིད་རང་རེའི་ཆོས་རིག་སྲུང་སྐྱོབ་དང་དར་སྤེལ་ཆོས་རིག་ལ་མོས་པ་ཆེ་བའི་དོན་གཉེར་ཅན་དག་གི་ཆེད་དུ་གསར་བཟོ་དང་སྒྲིག་བཀོད་བྱས་པ་ཞིག་ཡིན་པ་དང་། དྲ་ངོས་སུ་ལེ་ཚན་གང་མང་ཞིག་ཡོད་པ་ལས་གཙོ་བོ་གཅིག་ནི་རིས་མེད་མཁས་པའི་གསུང་གི་སྒྲ་མཛོད་དེ་ཡིན་པ་དང་།
ཚན་པ་དེར་མཁས་པའི་གསུང་ཚན་བརྒྱ་ཕྲག་མང་པོ་ཞིག་བཞག་ཡོད་པ་དག་དྲ་ངོས་རྙིང་པར་སྒྲ་སྒྲིག་སྦྱོར་དང་། ཉན་བྱེད་ཀྱི་མཉེན་ཆས་ཤིག་ཉོས་ཏེ་སྒྲ་རྣམས་དེའི་ནང་དུ་སྒྲིག་བཟོ་བྱས་ཏེ་དྲ་ངོས་སུ་བཞག་ཡོད་ནའང་། མཉེན་ཆས་དེར་ཕབ་ལེན་མེད་པས་ཟུར་དུ་མཉེན་ཆས་ (SoundCloud) ནང་དུ་བླུགས་ཏེ་དྲ་ངོས་སུ་སྦྲེལ་སྣེ་མཐུད་ཡོད་ལ། ད་ལོ་དྲ་ངོས་བསྐྱར་སྒྲིག་བྱེད་སྐབས་སྒྲ་སྦྱོར་མཉེན་ཆས་དེ་བེད་མེད་ཏུ་གྱུར་འདུག་པས། གནས་སྐབས་སུ་སྒྲ་མཛོད་དྲ་ངོས་སུ་དཔེ་ཁྲིད་རྣམས་འདི་ག་རྩོམ་སྒྲིག་ཁང་གི་སྒྲ་མཛོད་དྲ་ཚིགས་ཟུར་པ་ (SoundCloud) ལ་སྦྲེལ་སྣེ་མཐུད་དེ་སྒྲིག་སྦྱོར་བྱས་ཡོད་ལ། རྗེས་འཆར་སྒྲ་སྦྱོར་མཉེན་ཆས་ལེགས་པོ་ཞིག་ལག་སོན་བྱུང་ཚེ་བསྐྱར་སྒྲིག་བྱེད་རྒྱུ་ཡིན།
སྒྲ་མཛོད་ཟུར་པ་དེའི་སྐོར་སྔོན་དུ་གསལ་བསྒྲགས་དང་གསལ་བཤད་སོང་ཟིན་པ་དང་། རྩིས་འཁོར་གྱི་ནང་དུ་རིག་མཛོད་དྲ་ངོས་ནས་གསུང་ཚན་གང་ཞིག་ཐོག་མར་ཁ་ཕྱེ་སྐབས་ཀུ་རུ་ཁའམ་ཁྲམ་རྟགས་( x ) ཟླུམ་ཐིག་གི་ནང་དུ་ཡོད་པ་ཞིག་ཤར་པ་དེ་གར་མཛུབ་གནོན་བྱས་ན་མཉན་རྟགས་དང་ཕབ་ལེན་གྱི་རྟགས་སོགས་ཤར་འོངས་པས་དེ་ནས་ཐུགས་མོས་ལྟར་གསན་པའམ་ཕབ་ལེན་བྱེད་ཐུབ།
ཁ་པར་སོགས་སུ་གསུང་ཚན་གང་ཞིག་ཐོག་མར་ཁ་ཕྱེ་སྐབས་རྒྱབ་ལྗོངས་དམར་པོ་དང་(Play on SoundCloud ) དབྱིན་ཡིག་འདི་མཉམ་སྦྱར་ཞེས་པ་ཞིག་དང་། རྒྱབ་ལྗོངས་ནག་པོར་དབྱིན་ཡིག་(Listen in browser) བྲིས་ཡོད་པ་ཞིག་བཅས་གཉིས་ཡོད་པ་ལས་རྒྱབ་ལྗོངས་ནག་པོ་ཅན་དེར་མཛུབ་གནོན་གཉིས་སམ་གནོན་ཙམ་བྱས་ཚེ་དཔེ་ཁྲིད་དེ་གསན་པའམ་ཕབ་ལེན་གནང་ཐུབ།
ཞེས་༢༠༡༩ ཕྱི་ཟླ་༠༥ ཚེས་༠༡ ཉིན་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཕུལ།
ཐུགས་སྣང་བཞེན་སྐུལ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
༄༅། །མཁྱེན་ཡངས་དོན་གཉེར་ཅན་དག་གི་སྙན་ལམ་དུ།
སྟབས་གསོལ།
དགོངས་མངའ་ལྟར་<སེར་བྱེས་རིག་མཛོད་ཆེན་མོའི་>དྲ་ཚིགས་འདི་ཉིད་རང་རེའི་ཆོས་རིག་སྲུང་སྐྱོབ་དང་དར་སྤེལ་ཆོས་རིག་ལ་མོས་པ་ཆེ་བའི་དོན་གཉེར་ཅན་དག་གི་ཆེད་དུ་གསར་བཟོ་དང་སྒྲིག་བཀོད་བྱས་པ་ཞིག་ཡིན་པ་དང་། དྲ་ངོས་སུ་ལེ་ཚན་གང་མང་ཞིག་ཡོད་པ་ལས་གཙོ་བོ་གཅིག་ནི་རིས་མེད་མཁས་པའི་གསུང་གི་སྒྲ་མཛོད་དེ་ཡིན་པ་དང་།
ཚན་པ་དེར་མཁས་པའི་གསུང་ཚན་བརྒྱ་ཕྲག་མང་པོ་ཞིག་བཞག་ཡོད་པ་དག་དྲ་ངོས་རྙིང་པར་སྒྲ་སྒྲིག་སྦྱོར་དང་། ཉན་བྱེད་ཀྱི་མཉེན་ཆས་ཤིག་ཉོས་ཏེ་སྒྲ་རྣམས་དེའི་ནང་དུ་སྒྲིག་བཟོ་བྱས་ཏེ་དྲ་ངོས་སུ་བཞག་ཡོད་ནའང་། མཉེན་ཆས་དེར་ཕབ་ལེན་མེད་པས་ཟུར་དུ་མཉེན་ཆས་ (SoundCloud) ནང་དུ་བླུགས་ཏེ་དྲ་ངོས་སུ་སྦྲེལ་སྣེ་མཐུད་ཡོད་ལ། ད་ལོ་དྲ་ངོས་བསྐྱར་སྒྲིག་བྱེད་སྐབས་སྒྲ་སྦྱོར་མཉེན་ཆས་དེ་བེད་མེད་ཏུ་གྱུར་འདུག་པས། གནས་སྐབས་སུ་སྒྲ་མཛོད་དྲ་ངོས་སུ་དཔེ་ཁྲིད་རྣམས་འདི་ག་རྩོམ་སྒྲིག་ཁང་གི་སྒྲ་མཛོད་དྲ་ཚིགས་ཟུར་པ་ (SoundCloud) ལ་སྦྲེལ་སྣེ་མཐུད་དེ་སྒྲིག་སྦྱོར་བྱས་ཡོད་ལ། རྗེས་འཆར་སྒྲ་སྦྱོར་མཉེན་ཆས་ལེགས་པོ་ཞིག་ལག་སོན་བྱུང་ཚེ་བསྐྱར་སྒྲིག་བྱེད་རྒྱུ་ཡིན།
སྒྲ་མཛོད་ཟུར་པ་དེའི་སྐོར་སྔོན་དུ་གསལ་བསྒྲགས་དང་གསལ་བཤད་སོང་ཟིན་པ་དང་། རིག་མཛོད་དྲ་ངོས་ནས་གསུང་ཚན་གང་ཞིག་ཐོག་མར་ཁ་ཕྱེ་སྐབས་ཀུ་རུ་ཁའམ་ཁྲམ་རྟགས་( x ) ཟླུམ་ཐིག་གི་ནང་དུ་ཡོད་པ་ཞིག་ཤར་པ་དེ་གར་མཛུབ་གནོན་བྱས་ན་མཉན་རྟགས་དང་ཕབ་ལེན་གྱི་རྟགས་སོགས་ཤར་འོངས་པས་དེ་ནས་རང་མོས་ལྟར་ཉན་པའམ་ཕབ་ལེན་བྱེད་ཐུབ།
ཞེས་༢༠༡༨ཕྱི་ཟླ་༠༨ཚེས་༢༢ཉིན་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཕུལ།
གསལ་བསྒྲགས།
ལས་བྱེད་ས་མིག་གསལ་བསྒྲགས།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 249
ཞུ་སྐུལ་གསལ་བསྒྲགས།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 55
གལ་ཆེའི་ངོ་སྤྲོད་དང་གསལ་བཤད་འགའ།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 26
མཉམ་ལས་ཆེད་གསལ་བསྒྲགས།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 40
ཐུགས་སྣང་བཞེན་སྐུལ།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 60