ཐོག་མའི་བཟོ་དུས། Thu 19 Feb 2015 | 12:04

མ་རྡུལ་དང་རྩ་རྫས།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

sczz000007དེབ་ཨང་།  ScZZ000007
ཚན་རིག ། ༼གཞན།༽
སྤྱིའི་ཨང་། ༠༠༥
ཁ་བྱང་། མ་རྡུལ་དང་རྩ་རྫས།
བརྗོད་བྱ། རྩ་རྡུལ་དང་རྩ་རྫས་སོགས།
ཕྱོགས་སྒྲིག་མཁན། རིག་མཛོད་རྩོམ་སྒྲིག་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

ཚན་རིག་གི་སྐོར་གྱི་འཕྲུལ་དེབ་འདི་ནི། དྲ་ཚིགས་གསར་བཟོའི་སྐབས་སུ། དྲ་ཚིགས་ཀྱི་སྤྱི་བྱེ་བྲག་གི་དཀར་ཆག་དང་འབྲེལ་སྣེ་མཐུད་རྒྱུ་སོགས་ལ་ཚན་པ་རེ་རེར་འཕྲུལ་དེབ་རེ་མ་བྱུང་ཐབས་མེད་ཀྱིས། འབྲེལ་ཡོད་གང་མང་ལ་རེ་བསྐུལ་ཞུས་ཀྱང་པར་རྩ་ལག་སོན་མ་བྱུང་བས། རྫས་སྦྱོར་གྱི་ཚན་པར་རྩོམ་སྒྲིག་པས་རྩ་རྡུལ་དང་རྩ་རྫས། རྩ་རྫས་ཀྱི་རེའུ་མིག་སོགས་བཏུ་སྒྲུག་གིས་ཕྱོགས་བསྒྲིགས་བྱས་ཏེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་པ་ཡིན་ན། སྐྱོན་དང་ནོར་འཁྲུལ་གང་ཡོད་གཟིགས་པ་པོ་ཡོངས་ལ་བཟོད་གསོལ་ཞུ་རྒྱུ་དང་། རྗེས་སོར་ང་ཚོས་ཚན་རིག་གི་སྐོར་གྱི་འཕྲུལ་དེབ་གང་མང་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པར་ཡིད་ཆེས་དང་ཐུགས་ཁུར་གནང་རོགས།

ཕབ་ལེན།   PDF  ཕབ་ལེན    EPUB  ཕབ་ལེན།

ཤོག་ངོས་འདི་ཐེངས་ 300 བཀླགས་འདུག
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.orgགློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com