དཀར་ཆག

དཀར་ཆག (1)

དྲ་ཐོག་འཇུག་དུས། 2015 ལོའི་ཟླ་བ། Feb ཚེས། 20 རེས་གཟའ། Fri

བསྟན་འགྱུར་གྱི་དཀར་ཆག་ཆུ་གཏེར་འཕེལ་བའི་ཟླ་ཟེར།

དྲ་འཇུག་པ།

དེབ་ཨང་། TGHK179001
བཀའ་བསྟན། [བསྟན་འགྱུར།]
སྤྱིའི་ཨང་། ༠༠༤
མཚན་བྱང་། བསྟན་འགྱུར་གྱི་དཀར་ཆག་ཆུ་གཏེར་འཕེལ་བའི་ཟླ་ཟེར།
མཛད་པ་པོ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། [༡༦༩༧-༡༧༧༤]
ཆོས་ཚན། དཀར་ཆག
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ཚོད་ལྟ། བསྐྱར་ཞིབ་བྱས་མེད།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ནི། ཕྱི་ལོ་ ༡༦༩༧ ལོར་སྡེ་དགེའི་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་ཁུ་བོའི་དྲུང་ནས་ཡི་གེའི་འབྲི་ཀློག་སྦྱངས་ཤིང་། ས་དགོན་དུ་གྲྭ་བཙུན་མཛད། དགུང་ལོ་བཅུ་གཅིག་པར་དགེ་ཚུལ་གྱི་སྡོམ་པ་བཞེས། ཚེ་བྷཱུཾ་དགོན་ནས་སྒྲ་སོགས་ཐུན་མོང་གི་རིག་གནས་ཀུན་ལ་སྦྱངས། དགུང་ལོ་ཉེར་དགུ་པར་གཙང་ས་ངོར་གྱི་གདན་སར་ཕེབས། ངོར་དགོན་ཁང་གསར་བླ་བྲང་གི་དྲུང་ཡིག་མཛད། དགུང་ལོ་སོ་བཞི་པར་མཁན་པོ་བཀྲ་ཤིས་ལྷུན་གྲུབ་དང་མཉམ་དུ་སྡེ་དགེའི་པར་ཁང་ཆེན་མོའི་ཞུས་དག་མཁན་པོར་བསྐོས། དེ་ནས་བཟུང་སྟེ་ས་ཕྱོགས་ཀུན་གྱི་དཔེ་ཆ་ཚང་མ་བསྡུ་རུབ་མཛད་དེ། ལེགས་སྒྲིག་དང་། བསྟན་འགྱུར་ལ་ཞུས་དག་མཛད། ཕྱི་ལོ་ ༡༧༧༤ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། པོ་ཏི་བཅུ་གསུམ་ཡོད།

ཕབ་ལེན།   PDF  ཕབ་ལེན།    EPUB  ཕབ་ལེན།

མཆོག་ཉིད་ཀྱིས་གཟིགས་བཞིན་པའི་ཡིག་ཆ་འདི་གནས་སྐབས་སུ་རྩོམ་སྒྲིག་བྱེད་རྒྱུ་མ་བྱུང་ན་དགོངས་འགལ་མེད་པར་ཞུ་རྒྱུ་དང་། གལ་ཏེ་སྐུ་ཉིད་ལ་ཡིག་ཆ་འདི་ལག་སོན་བྱུང་ཚེ་མཁོ་སྤྲོད་གནང་རྒྱུ་མཁྱེན་མཁྱེན།

བསྟན་འགྱུར།