-
མདུན་ངོས།
-
འཕྲུལ་དེབ་གསར་ཤོས།
- གསུང་འབུམ།

གསུང་འབུམ། (70)
ལོ་ཆེན་དྷརྨ་ཤྲཱིའི་གསུང་འབུམ། [ཅ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBN175001
གསུང་འབུམ། [དུས་རབས། ༡༧]
སྤྱིའི་ཨང་། ༣༤
མཚན་བྱང་། ལོ་ཆེན་དྷརྨ་ཤྲཱིའི་གསུང་འབུམ། [ཅ]
མཛད་པ་པོ། ལོ་ཆེན་དྷརྨ་ཤྲཱི། [༡༦༥༤ - ༡༧༡༨ ]
ཆོས་ཚན། འབྱུང་རྩིས་ཟླ་བའི་འོད་ཟེར་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ལོ་ཆེན་དྷརྨ་ཤྲཱི། གཡོར་པོ་གྲྭ་ནང་གི་དར་རྒྱས་ཆོས་གླིང་དུ་འཁྲུངས། དགུང་ལོ་བཅུ་གསུམ་པར་གཙུག་ཕུད་ཕུལ། དགུང་ལོ་བཅོ་ལྔའི་སྐབས་རྒྱལ་དབང་ལྔ་པ་ལས་རབ་ཏུ་བྱུང་། སློབ་དཔོན་དོན་གྲུབ་དབང་རྒྱལ་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་རྣམས་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་། སློབ་མ་གྲགས་ཆེ་བ། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་སོགས་མང་ངོ་། ༡༧༡༨ ལོར་ཇུན་གར་པས་སྐྱིད་ཆུའི་འགྲམ་དུ་བཀྲོངས། གསུང་རྩོམ་ལ། གསང་བདག་དགོངས་རྒྱན་སོགས་ཆོས་ཚན་བདུན་ཅུ་ལྷག་ཙམ་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
དེ་ལས་མང་བ།...
རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། [ཙ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBJ167001
གསུང་འབུམ། [དུས་རབས། ༡༦]
སྤྱིའི་ཨང་། ༡༦༩
མཚན་བྱང་། རྗེ་ཏཱ་ར་ནཱ་ཐའི་གསུང་འབུམ། [ཙ]
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། [༡༥༧༥ - ༡༦༣༤ ]
ཆོས་ཚན། བཀའ་བབས་བདུན་ལྡན་གྱི་བརྒྱུད་པ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་བཙུན་ཏཱ་ར་ནཱ་ཐ་ནི། ཕྱི་ལོ་༡༥༧༥ལོར་དབུས་ཀྱི་ཇོ་མོ་ཁ་རག་དང་ཉེ་བར་སྐུ་འཁྲུངས། དགུང་ལོ་བཞི་པར་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་ཡང་སྤྲུལ་དུ་ངོས་འཛིན་མཛད། སྟག་ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་ནས་བཀའ་གདམས་གླེགས་བམ་གྱི་ལུང་ཞུས་པ་དང་སྦྲགས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པའང་མནོས། རྗེ་གྲུབ་པའི་དབང་ཕྱུག་ལས་རས་ཆུང་སྙན་བརྒྱུད་ཀྱི་ཆོས་རྫོགས་པར་ཞུས། དགུང་ལོ་བཅུ་བདུན་པར་བསྙེན་པར་རྫོགས། དབུས་སུ་ཕེབས་ཏེ་རིས་མེད་ཀྱི་བླ་མ་མང་པོ་ལས་ཆོས་མང་དུ་གསན། དགུང་ལོ་སོ་གཅིག་ནས་རིས་མེད་ཀྱི་བླ་སློབ་མང་པོར་མདོ་སྔགས་འཆད་མཉན་མཛད། དགུང་ལོ་ཞེ་གཅིག་པར་རྟག་བརྟན་དམ་ཆོས་གླིང་གི་གནས་གཞི་གསར་དུ་བཙུགས། ༡༦༣༤ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོ་ཏི་ཀ་ནས་ཙའི་བར་བཅུ་བདུན་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་འབུམ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBS133001
གསུང་འབུམ། [དུས་རབས། ༡༣]
སྤྱིའི་ཨང་། ༩༣
མཚན་བྱང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་འབུམ། [ཀ]
མཛད་པ་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ། [༡༢༣༥ - ༡༢༨༠]
ཆོས་ཚན། ཤེས་བྱ་རབ་ཏུ་གསལ་བ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ངོ་སྤྲོད་མདོར་བསྡུས།
འགྲོ་མགོན་ཆོས་རྒྱལ་འཕགས་པ། ས་སྐྱ་གོང་མ་ལྔའི་ནང་གི་ལྔ་པ་ཡིན། ས་སྐྱར་འཁྲུངས། དགུང་ལོ་གསུམ་གྱི་སྐབས་ཡི་གེ་འབྲི་ཀློག་དག་ལ་ལེགས་པར་སྦྱངས། དགུང་ལོ་བརྒྱད་ཀྱི་སྐབས་སྐྱེས་རབས་སོགས་བློར་ཟིན། དགུང་ལོ་དགུ་པར་འཕགས་པ་ཞེས་པའི་མཚན་གསོལ། དགུང་ལོ་བཅུ་པར་ཁུ་བོ་ས་སྐྱ་པཎ་ཆེན། སོག་རྒྱལ་གྱིས་གདན་དྲངས་པའི་ཕྱག་ཕྱིར་ནུ་བོ་ཕྱག་ན་རྡོ་རྗེ་དང་མཉམ་དུ་བྱོན། ཁུ་བོ་སོགས་ལས་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་མང་དུ་གསན། ཧོར་ཡིག་གསར་གཏོད་གནང་། དགུང་ལོ་ཞེ་གཅིག་གི་སྐབས་གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་བདུན་ལྷག་ལ་ཆོས་འཁོར་བསྐོར་པར་ཆུ་མིག་ཆོས་འཁོར་དུ་གྲགས། ས་སྐྱའི་གདན་ས་ལོ་ལྔ་ཙམ་བསྐྱངས། ༡༢༨༠ ལོར་ལྷ་ཁང་བླ་བྲང་དུ་སྐུ་གཤེགས། གསུང་རྩོམ་པོ་ཏི་གསུམ་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
ས་ཆེན་ཀུན་དགའ་སྙིང་པོའི་གསུང་འབུམ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBS119002
གསུང་འབུམ། [དུས་རབས། ༡༡]
སྤྱིའི་ཨང་། ༤༦
མཚན་བྱང་། ས་ཆེན་ཀུན་དགའ་སྙིང་པོའི་གསུང་འབུམ། [ཀ]
མཛད་པ་པོ། ས་ཆེན་ཀུན་དགའ་སྙིང་པོ། [༡༠༩༢ - ༡༡༥༨ ]
ཆོས་ཚན། བི་རཱུ་པ་ལ་བསྟོད་པ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ངོ་སྤྲོད་མདོར་བསྡུས།
ས་ཆེན་ཀུན་དགའ་སྙིང་པོ། བོད་དུ་དཔལ་ས་སྐྱར་འཁོན་དཀོན་མཆོག་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ས་སྐྱ་གོང་མ་ལྔའི་ནང་གི་དཀར་པོ་རྣམ་གསུམ་གྱི་ཡ་གྱལ་དུ་བགྲངས། བ་རི་ལོ་ཙཱ་བ་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་གཙོ་བོ་སྔགས་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་ནས་དྲུག་ཅུ་རེ་བདུན་གྱི་བར་ས་སྐྱའི་གདན་ས་མཛད། འདིས་མཛད་པའི་གསུང་རྩོམ་ལ་པོད་གཉིས་བཞུགས། གཡས་རུ་སྐྱ་བོ་ཁ་གདངས་སུ་སྐུ་གཤེགས། རྣམ་ཐར་རྒྱས་པ། བདག་ཆེན་ཨ་མེས་ཞབས་ཀྱིས་མཛད་པའི་[ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་]དུ་གསལ།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
གསུང་འབུམ།
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 11472
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 10092
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 11238
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 16430
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 18430
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 14236
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 15509
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 11514