དུས་རབས། - ༡༥

དུས་རབས། - ༡༥ (15)

དྲ་ཐོག་འཇུག་དུས། 2025 ལོའི་ཟླ་བ། Jul ཚེས། 05 རེས་གཟའ། Sat

རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ། [བ]

དྲ་འཇུག་པ།

sjrb-0461མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
བརྗོད་བྱ། གསུང་ལན་ཀླུ་སྒྲུབ་དགོངས་རྒྱན་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0464
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 802 ལྗིད་ཚད། 10.5MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༥ ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་༡༤༦༩ ལོར་ཉང་སྟོད་དུ་སྐུ་འཁྲུངས། དགུང་ལོ་བདུན་པར་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད། དགུང་ལོ་ཉེར་གསུམ་པར་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་མཛད། དཔལ་འཁོར་བདེ་ཆེན་སོགས་སུ་གྲྭ་སྐོར་གནང་། རྗེ་ཤེས་རབ་བཟང་པོ་སོགས་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བདུན་པར་གཙང་དུ་མདོ་སྔགས་ཀྱི་ཆོས་འཁོར་བསྐོར། དགུང་ལོ་ཞེ་གསུམ་པར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོ་མཛད། དགུང་ལོ་ང་ལྔ་པར་སྟག་རྩེ་རིན་ཆེན་སྒང་གི་མཁན་པོ་གནང་། དགུང་ལོ་རེ་དགུ་པར་སེ་རའི་མཁན་ཁྲིར་ཕེབས་ཏེ་འཆད་ཉན་ལེགས་པར་བསྐྱངས། ༡༥༤༤ ལོར་ཞི་བར་གཤེགས། གསུང་འབུམ་པོད་བ་པ་འདིར་རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེས་འགྲེལ་པ་དོན་གསལ་གྱི་ཊཱིཀ་ཆེན་ཐུགས་རྩོམ་མཛད་ནས་འདི་ལ་ཁྱེད་རྣམས་ཀྱིས་དགག་བཞག་གྱིས་ཤིག་ཅེས་བཀའ་ཕེབས་པའི་དོན་དུ་ཕུལ་བ་གསུང་ལན་ཀླུ་སྒྲུབ་དགོངས་རྒྱན་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྩོད་ལན་དང་། ཀུན་མཁྱེན་གོ་རམས་པའི་རྩོད་ལན་མཇུག་པཎ་ཆེན་བདེ་ལེགས་ཉི་མས་ཁ་བསྐངས་པ་བཅས་བཞུགས།

ངོ་ཤོག 1 ནས་ 3