དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Jan ཚེས། 09 རེས་གཟའ། Fri

ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་གསུང་འབུམ། ཁ

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

sjrb 0479མཚན་བྱང་། རྣམ་བཤད་དགོངས་པ་རབ་གསལ་གྱི་དེ་ཉིད་གསལ་བྱེད།
མཛད་པ་པོ། མུས་སྲད་པ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ།
བརྗོད་བྱ། དབུ་མའི་ལྟ་བའི་ཆོས་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0479
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 484 ལྗིད་ཚད། 2.7 MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། གཞུང་འདིའི་མཛད་པ་པོ་སེར་བྱེས་མཁན་རབས་དང་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་མཆོག་ནི། བོད་ལ་སྟོད་ཕྱོགས་སུ་གསང་སྔགས་རྙིང་མའི་གྲུབ་ཐོབ་རྟོགས་ལྡན་ཡོན་ཏན་མགོན་པོའི་སྲས་སུ་འཁྲུངས། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོ་དང་། མཉམ་མེད་ནམ་མཁའི་རྣལ་འབྱོར་པ་གཉིས་ལས་སྔ་འགྱུར་ལུགས་ཀྱི་མདོ་རྒྱུད་ཀུན་གྱི་དབང་ལུང་ཁྲིད་མན་ངག་དང་། ལྷག་པར་རྟ་མགྲིན་ཡང་གསང་ལྷ་དགུའི་ཆོས་སྐོར་སོགས་གསན་ཏེ་ཐུགས་ཉམས་སུ་བཞེས། ཕྱིས་སུ་རྗེ་བློ་བཟང་གྲགས་པ་དང་། མཁས་གྲུབ་རྗེ། འཇམ་དབྱངས་ཆོས་རྗེ་སོགས་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་མཐར་ཕྱིན་པ་མཛད། རྗེ་ཙོང་ཁ་པའི་དངོས་སློབ་ཁྲོད་དུ་ཞང་ཞུང་བ་ཆོས་དབང་གྲགས་པ་དང་རྗེ་འདི་པ་རྣམ་གཉིས་ལ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཞེས་གྲགས་པ་བྱུང་། འབྲས་སྤུངས་སུ་འཆད་ཉན་གྱི་སློབ་དཔོན་མཛད་སྐབས་རྒྱུ་རྐྱེན་འགའ་ཞིག་གི་རྐྱེན་པས་བཞུགས་སྟབས་མ་བདེ་བར་ཞལ་སློབ་མཁས་པ་བརྒྱ་ཕྲག་ལྷག་དང་ལྷན་ཅིག་སེ་རར་ཕེབས། དེར་སློབ་མ་མང་དུ་བསྐྱངས་ཤིང་དབུ་མའི་ཊཱིཀྐ་སོགས་བསྟན་བཅོས་ཀྱང་མང་དུ་མཛད་པས་ཀུན་མཁྱེན་མུས་སྲད་པ་ཞེས་ཀྱང་གྲགས། གསུང་ལས་སྐྱེས་པའི་སློབ་མ་ཡང་རྗེ་ཙོང་ཁ་པའི་སྐུ་དབོན་ཁྲི་ཆེན་བློ་བཟང་ཉི་མ། གཉལ་སྟོན་དཔལ་འབྱོར་ལྷུན་འགྲུབ། གཙང་སྟོན་ཀུན་དགའ་རྒྱལ་མཚན་སོགས་བསྟན་པའི་ཁུར་ཆེན་འདེགས་བཟོད་པའི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་མང་དུ་བྱོན། གསུང་རྩོམ་མང་པོ་མཛད་ཡོད་འདུག་ཀྱང་འཇུག་འགྲེལ་གསུམ་ལས་གཞན་ལག་སོན་མ་བྱུང་། ཁོང་དགོངས་པ་མྱ་ངན་ལས་འདས་རྗེས་ཁོང་གི་ཞལ་སློབ་རྣམས་རྨང་གཞིར་གྱུར་པའི་སེ་ར་བྱེས་པ་གྲྭ་ཚང་བྱུང་ཞིང་ཀུན་མཁྱེན་ཉིད་སེ་ར་བྱེས་པ་གྲྭ་ཚང་གི་མཁན་རབས་དང་པོར་བརྩི་བ་ཡིན།

ཤོག་ངོས་འདི་ལ་ཐེངས་ 17 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2026 ལོའི་ཟླ་བ། Jan ཚེས། 09 རེས་གཟའ། Fri
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com