༢༠༢༥ ལོའི་དབྱར་ཆོས་དང་པོའི་མཛད་རིམ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།གསལ་བཤད། གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་མཆོག་གིས་ཆོས་རའི་མཛད་རིམ་གསལ་བསྒྲགས་བསྐྱངས་པ་གཞིར་བཟུང་ནས། སློབ་གཉེར་བ་རྣམས་ཀྱིས་དྲ་ཐོག་ནས་གཟིགས་བདེ་བའི་ཆེད་དུ་བཟོ་སྒྲིག་བྱེད་བཞིན་ཡོད། གལ་ཏེ་ལས་སྣེ་གོང་མས་གསལ་བསྒྲགས་མ་གནང་ཚེ་འདི་ནས་ཀྱང་བཟོ་སྒྲིག་བྱེད་ཀྱི་མེད་པས་དེ་ལུགས་དགོངས་འཇགས་ཞུ།
| སེར་བྱེས་མཁས་སྙན་གྲྭ་ཚང་གི་དབྱར་ཆོས་དང་པོའི་མཛད་རིམ། | |||||
|---|---|---|---|---|---|
| བོད་ཟླ། | བོད་ཚེས། | ཕྱི་ཟླ། | ཕྱི་ཚེས། | རེས་གཟའ། | ཉིན་རེའི་མཛད་རིམ། |
| ༤ | ༡༦ | 06 | 12 | ཕུར་བུ། | ཆོས་རྒྱུགས། |
| ༤ | ༡༧ | 06 | 13 | པ་སངས། | ཆོས་ར་ཡར་ཚོགས། |
| ༤ | ༡༨ | 06 | 14 | སྤེན་པ། | ཤིང་སློང་། |
| ༤ | ༡༩ | 06 | 15 | ཉི་མ། | ཤིང་སློང་། |
| ༤ | ༢༠ | 06 | 16 | ཟླ་བ། | ཆོས་འདོན། |
| ༤ | ༢༡ | 06 | 17 | མིག་དམར། | གུང་སེང་། |
| ༤ | ༢༢ | 06 | 18 | ལྷག་པ། | སྔ་དགོང་ཆོས་ར། |
| ༤ | ༢༣ | 06 | 19 | ཕུར་བུ། | སྔ་དགོང་ཆོས་ར། |
| ༤ | ༢༤ | 06 | 20 | པ་སངས། | སྔ་དགོང་ཆོས་ར། |
| ༤ | ༢༦ | 06 | 21 | སྤེན་པ། | སྔ་དགོང་ཆོས་ར། |
| ༤ | ༢༧ | 06 | 22 | ཉི་མ། | སྔ་དགོང་ཆོས་ར། |
| ༤ | ༢༨ | 06 | 23 | ཟླ་བ། | སྒྲོལ་འདོན། |
| ༤ | ༢༩ | 06 | 24 | མིག་དམར། | གུང་སེང་། |
| ༤ | ༣༠ | 06 | 25 | ལྷག་པ། | དུས་བཟང་། གསོ་སྦྱོང་། |
| ༥ | ༡ | 06 | 26 | ཕུར་བུ། | ཆོས་ར་མར་གྲོལ། |
| ༢༠༢༥-༦-༨ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། | |||||
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
གསར་ཤོས་དག ། སེར་བྱེས་རིག་མཛོད་ཆེན་མོ།
འབྲེལ་ཡོད་དག
- ༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་ཉེ་བའི་གཙུག་ལག་རབ་འབྱམས་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་པ།
- ༸དགའ་ལྡན་ཁྲི་ཐོག་༡༠༤པ་ ༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
- ༢༠༢༥ ལོའི་སྟོན་ཆོས་གཉིས་པའི་མཛད་རིམ།
- སེ་ར་ཐེག་ཆེན་གླིང་དུ་༧སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
- ༢༠༢༥ ལོའི་སྟོན་ཆོས་དང་པོའི་མཛད་རིམ།