དྲ་ཐོག་འཇུག་དུས། 2015 ལོའི་ཟླ་བ། Feb ཚེས། 07 རེས་གཟའ། Sat

མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

h ksh203001དེབ་ཨང་།  H-KSH203001
༧གོང་ས་མཆོག [བཀའ་རྩོམ།]
སྤྱིའི་ཨང་། ༣༨
མཚན་བྱང་། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌།རྩ་ཁྲིམས་སྙིང་དོན།
མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག [༡༩༣༥]
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་དང་པོར་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི། ༡༩༣༥ལོའི་ཟླ་ ༧ ཚེས ༦ ཉིན་མདོ་སྨད་སྟག་འཚེར་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བཞིའི་སྐབས་༧རྒྱལ་དབང་གི་ཡང་སྲིད་དུ་ཐུགས་འཛིན་གནང་། རིག་གནས་སྤྱི་དང་གཞུང་ཆེན་ཁག་ལ་གསན་གཟིགས་དང་། དགུང་ལོ་བཅུ་དྲུག་གི་སྐབས་ལུགས་གཉིས་ཀྱི་ཐུགས་འགན་བཞེས། དགུང་ལོ་ཉེར་ལྔའི་སྐབས་ལྷ་རམས་པའི་དམ་འབུལ་གནང་། ༡༩༥༩ ལ་བྱེས་སུ་ཆིབས་བསྒྱུར་གནང་སྟེ། གངས་ཅན་པ་སྤྱི་དང་སྐྱེ་འགྲོ་ཡོངས་ཀྱི་ཆེད་དུ། རྒྱལ་མཆོག་གོང་མ་དག་གི་མཛད་པ་རྣམས་གཅིག་ཏུ་བསྡོམས་པ་བས་ཀྱང་ལྷག་པའི་འཛད་འཕྲིན། སྐྱེ་བོ་འབུམ་ཕྲག་མང་པོའི་བགོ་སྐལ་དུ་སྐྱོང་བཞིན་པ་འདི་ག་ལགས་སོ། །༧མཛད་རྣམ་གྱི་འཕྲུལ་དེབ་ཟུར་དུ་གསལ།

ཕབ་ལེན།   PDF  ཕབ་ལེན།    EPUB  ཕབ་ལེན།

ཤོག་ངོས་འདི་ལ་ཐེངས་ 1211 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2020 ལོའི་ཟླ་བ། Jun ཚེས། 29 རེས་གཟའ། Mon
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

སྡེ་ཚན་འདིའི་ནང་དུ་མང་། ཡོངས་ཁྱབ་གསུམ་དུས་ཀྱི་གསུང་འཕྲིན། »