དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 29 རེས་གཟའ། Wed

བསྟན་འགྱུར། དབུ་མ། [ལ]

དྲ་འཇུག་པ།
ཚད་གཞི།
(6 འོས་འཕེན།)

མཛད་པ་པོ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ།
བརྗོད་བྱ།
ཐེག་པ་ཆེན་པོའི་བྱང་ཆུབ་སེམས་སྦྱོང་གི་མན་ངག
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0023
རྣམ་པ། PDF
ལྗིད་ཚད།
999KB
གཤིབ་བསྡུར་དང་བཟོ་སྐྲུན་པ།
 དགེ་བཤེས་སྐལ་བཟང་ཐར་འདོད།
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ལོའི་ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བསྟན་འགྱུར་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའི་དགོངས་འགྲེལ་དུ་བརྩམས་པའི་རྒྱ་གར་གྱི་མཁས་པ་དག་གིས་མཛད་པའི་བསྟན་བཅོས་བོད་སྐད་དུ་བསྒྱུར་བ་རྣམས་ཡིན་ཞིང་། བོད་དང་རྒྱ་ནག་གི་མཁས་པས་མཛད་པའི་བསྟན་བཅོས་ཀྱང་གང་མང་ཞིག་འདིའི་ནང་དུ་བསྡུས་ཡོད། བོད་དུ་བཀའ་འགྱུར་ཕྱོགས་བསྒྲིགས་ཀྱི་དཀར་ཆག་བརྩམས་པ་དང་། བསྟན་འགྱུར་ཕྱོགས་བསྒྲིགས་ཀྱི་དཀར་ཆག་བརྩམས་པའི་ལོ་རྒྱུས་ཕལ་ཆེར་འདྲ་ཞིང་། བསྟན་འགྱུར་ཆ་ཚང་བ་ཐོག་མར་བསྒྲིགས་པ་ནི་སྣར་ཐང་བཀའ་འགྱུར་དང་ཆབས་ཅིག་ཕྱོགས་བསྒྲིགས་བྱས་པ་ཡིན། ༡༣༣༤ ལོར་བུ་སྟོན་རིན་པོ་ཆེས་ཞུས་དག་གནང་བའི་བསྟན་འགྱུར་ཆ་ཚང་ཞིག་ཞ་ལུའི་གསེར་ཁང་གི་གཙུག་ལག་ཁང་དུ་བཞུགས་ཤིང་། དེའི་དཀར་ཆག་ཀྱང་བུ་སྟོན་རིན་པོ་ཆེས་མཛད་པ། གསུང་འབུམ་[པ]པའི་ནང་དུ་བཞུགས།

ཤོག་ངོས་འདི་ལ་ཐེངས་ 2785 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2022 ལོའི་ཟླ་བ། Jun ཚེས། 29 རེས་གཟའ། Wed
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

བསྟན་འགྱུར།