རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2026 ལོའི་ཟླ་བ། Aug ཚེས། 20 རེས་གཟའ། Thu

ཁྲིད་གཞུང་། དབུ་མའི་ལྟ་ཁྲིད།

ཁྲིད་གཞུང་། དབུ་མའི་ལྟ་ཁྲིད།
བརྗོད་བྱ། དབུ་མའི་ལྟ་བ།
འཁྲིད་མཁན། བློ་གླིང་དགེ་བཤེས་ཐུབ་བསྟན་དཔལ་བཟང་།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0793
སྒྲའི་རྣམ་པ། MP3 གྲངས་ཀ 26 ལྗིད་ཚད། 2.22GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་༨ ཚེས་༦ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
བློ་གླིང་དགེ་བཤེས་ཐུབ་བསྟན་དཔལ་བཟང་མཆོག་ནི། ཕྱི་ལོ་༡༩༦༥ལོར་བལ་ཡུལ་གཉི་ཤང་དུ་འཁྲུངས། ༡༩༧༥ལོར་རྡ་སར་གྲིབ་ཚེ་མཆོག་གླིང་དགོན་ལ་ཞུགས། ༡༩༨༠ལོར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཞུགས་ནས་སློབ་གཉེར་གནང་སྟེ་༡༩༩༧ལོར་དགེ་བཤེས་དམ་འཇོག་གནང་། ༢༠༠༠ལོ་ནས་ཚེ་མཆོག་གླིང་དུ་གཏན་བཞུགས་གནང་། གསུང་རྩོམ། ལམ་རིམ་ཆེན་མོའི་ས་བཅད་ཀྱི་ཟུར་རྒྱན་མདོ་བཏུས་ལམ་སྒྲིག །མདོན་ཚན་ལམ་སྒྲིག །སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ། བདེ་བ་ཅན་གྱི་ཞིང་ཁམས། མདོན་པར་དགའ་བའི་ཞིང་ཁམས། འཕགས་པའི་བདེན་པ་བཞི། དབུ་མའི་ཐལ་ཕྲེང་སོགས་བཞུགས།

ངོ་ཤོག 12 ནས་ 961