སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

སྒྲ་མཛོད།

སྒྲ་མཛོད། (567)

ཐོག་མའི་བཟོ་དུས། Wed 03 Apr 2019 | 17:09

ཁྲིད་གཞུང་། འགྲེལ་པ་དོན་གསལ། [ག]

དྲ་འཇུག་པ།

སྒྲ་ཨང་།  KADZPK2050422
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༥༠ 
རྣམ་པ། MP3 རྣམ་གྲངས། 64 ཆེ་ཆུང་། 2.32 GB
ཁྲིད་གཞུང་། འགྲེལ་པ་དོན་གསལ།
མཛད་པ་པོ། སློབ་དཔོན་སེང་གེ་བཟང་པོ།
བརྗོད་བྱ། དངོས་པོ་བརྒྱད་དོན་བདུན་ཅུ།
འཁྲིད་མཁན། མཁན་པོ་རྣམ་གྲོལ་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༡༡།༡༡ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ལྔ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁན་པོ་རྣམ་གྲོལ་མཆོག་ནི། ཕྱི་ལོ་ ༡༩༥༣ ལོར་སྡེ་དགེར་སྐུ་འཁྲུངས། དགུང་གྲངས་བདུན་པ་ ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་བཞུགས། ༡༩༦༨ ལོར་ཟླ་དྲུག་རིང་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་། སྨྱོ་ཤུལ་མཁན་རིན་པོ་ཆེ་དང་། མཁན་པོ་བརྩོན་འགྲུས་སོགས་ལས་སྟོང་ཐུན་སེངྒེའི་ང་རོ། རྩ་ཤེའི་མཆན་འགྲེལ། རིགས་ཚོགས་གཞན་རྣམས་དང་། ཤེར་ཕྱིན་དང་། དབུ་མ་སོགས་མདོ་ཕྱོགས་དང་། རང་གྲོལ་སྐོར་གསུམ། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་སོགས་གསན། དགུང་གྲངས་ཉེར་ལྔ་པ་ ༡༩༧༧ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་དགོངས་ལྟར་མཁན་པོ་བརྩོན་འགྲུས་དང་ལྷན་རྣམ་གྲོལ་གླིང་དགོན་པར་ཕེབས། ༡༩༧༨ ལོར་མཐོ་སློབ་དབུ་བརྙེས་ནས་བཟུང་བཤད་གྲྭའི་སྒྲིག་གཞི་གཟིགས་རྟོག་དང་དཔེ་ཁྲིད་སོགས་ཀྱིས་འཛིན་སྐྱོང་གནང་། ༡༩༨༣ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེས་མཁན་པོའི་མཚན་གནས་སྩལ། ༡༩༨༨ ལོར་༧མཁན་ཆེན་འཇིགས་མེད་ཕུན་ཚོགས་ལས་མདོ་སྔགས་སྤྱི་དང་། ཁྱད་པར་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་སོགས་དང་། ༡༩༩༢ ལོར་ཚིག་དོན་རིན་པོ་ཆེའི་མཛོད་སོགས་གསན། དེ་རྗེས་བཤད་གྲྭར་དབུ་མ་འཇུག་པ། སྤྱི་དོན་མཛོད་ཀྱི་ལྡེ་མིག་སོགས་རྒྱ་བོད་ཀྱི་གཞུང་ཆེན་རྣམས་ཀྱི་བཤད་ཁྲིད་གནང་། ༡༩༩༨ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་དགོངས་བཞིན་བལ་ཡུལ་ཡང་ལེ་ཤོད་དུ་སྒྲུབ་ཁང་བསམ་གཏན་འོད་གསལ་གླིང་རྟེན་བརྟེན་པ་བཅས་གསར་འཛུགས་ཀྱིས་དབང་ཁྲིད་སོགས་གནང་དང་གནང་སུ་བཞུགས་པ་ལགས་སོ། །

ངོ་ཤོག 8 ནས་ 95