དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jan ཚེས། 31 རེས་གཟའ། Mon

རྒྱལ་ཚབ་རྗེའི་གསུང་འབུམ། [ང]

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

sjrb-0371མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན།
པར་གཞི།
བཀྲ་ཤིས་ལྷུན་པོའི་ཤིང་པར་གཞི་བྱས།
ཆོས་ཚན།
སྤྱོད་འཇུག་དར་ཊཱིཀ་སོགས།
རིག་མཛོད་དེབ་ཨང་།
SJRB-0371
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
3.1MB
༢༠༢༢ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་པོད་ང་པ་འདིའི་ནང་དུ། ༡ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱས་སྲས་འཇུག་ངོགས་སྤྱོད་འཇུག་དར་ཊཱིཀ་ཏུ་གྲགས་པ། ༢ ཚད་མ་ཀུན་ལས་བཏུས་པའི་རྣམ་བཤད་མཐར་འཛིན་གྱི་གདུང་བ་འཇོམས་བྱེད་རིགས་པའི་རྒྱ་མཚོ། ༣ རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཚད་མའི་བརྗེད་བྱང་ཆེན་མོ་བཅས་ཆོས་ཚན་གསུམ་ལྷན་དུ་བཞུགས།

PDF       ཕབ་ལེན།
ཤོག་ངོས་འདི་ལ་ཐེངས་ 1211 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2022 ལོའི་ཟླ་བ། Apr ཚེས། 17 རེས་གཟའ། Sun
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com