དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Jan ཚེས། 21 རེས་གཟའ། Thu

རྗེ་ཙོང་ཁ་པའི་གསུང་འབུམ། [ད]

དྲ་འཇུག་པ།
ཚད་གཞི།
(2 འོས་འཕེན།)

sjrb-0036མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར། 
ཆོས་ཚན།
ཞེ་དགུ་མའི་ཟིན་བྲིས་སོགས།
རིག་མཛོད་དེབ་ཨང་།
SJRB-0036
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
4.1MB
༢༠༡༧ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ད་པ་འདིའི་ནང་དུ། ༡ ཞེ་དགུ་མའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ། ༢ འཇམ་དཔལ་ཞི་དྲག་གི་བསྲུང་བ། ༣ འཇིགས་བྱེད་ཀྱི་ཕྱག་མཚན་སོགས་ཀྱི་བཤད་པའི་ཟིན་བྲིས་རྗེ་རིན་པོ་ཆེས་མཛད་པ། ༤ དཔལ་རྡོ་རྗེ་འཇིགས་བྱེ ད་ཀྱི་འཕྲིན་ལས་བཞིའི་སྦྱིན་སྲེག་དངོས་གྲུབ་ཀྱི་རྒྱ་མཚོ། ༥ དུས་ཀྱི་འཁོར་ལོའི་ནང་ལེའི་རྣམ་པར་དག་པ་མཁས་གྲུབ་རྗེས་ཟིན་བྲིས་སུ་བཏབ་པ། ༦ མདོར་བསྡུས་དང་པོ་ལ་ཨ་ཙ་ལ་གརྦས་དོན་ཚན་བདུན་དུ་བྱེད་པ། ༧ རྒྱུད་བརྟག་པ་གཉིས་པའི་ཟིན་བྲིས། ༨ སྦྱོར་དྲུག་གི་རྡོ་རྗེའི་ཚིགས་བཅད། དེའི་བཤད་པ་དུས་འཁོར་གྱི་ཟིན་བྲིས། དུས་འཁོར་གྱི་མངོན་རྟོགས་དང་དབང་གི་ཟིན་བྲིས། སྦྱོར་དྲུག་ཉེར་མཁོའི་ཟིན་བྲིས། འཆི་ཞག་དང་ཚེ་ལྷག་ཇི་ཙམ་ཡོད་དཔྱད་པ་རྣམས། ༩ སྦྱོར་བ་ཡན་ལག་དྲུག་གི་རྫོགས་རིམ་གྱི་གནད་བསྡུས་པ་རྗེའི་གསུང་བཞིན་རྒྱལ་སྟེངས་པས་མཛད་པ། ༡༠ གཟུགས་ཀྱི་ཆུང་མཐའ་དང་དུས་ཀྱི་ཐུང་མཐའ་སོགས་ལས་བརྩམས་པའི་དྲི་ལན་རྗེ་ཉིད་ཀྱིས་མཛད། ༡༡ དཔལ་མཆོག་གི་ཟིན་བྲིས། ༡༢ །ཀྱཻ་རྡོ་རྗེའི་རྒྱུད་ཀྱི་ཟིན་བྲིས་རྗེས་གནང་བ་དང་ཀྱཻ་རྡོ་རྗེའི་ཟིན་བྲིས་བཅས། ༡༣ རྗེ་བཙུན་མ་བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཟིན་བྲིས། ༡༤ སངས་རྒྱས་ཐོད་པའི་མི་འཇིགས་གཞུང་འགྲེལ་སོགས་ཀྱི་ཟིན་བྲིས། ༡༥ འཕོ་ཁྲིད་ཀྱི་རྩ་ཚིག་བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པ། ༡༦ རྣམ་ཤེས་གོང་དུ་འཕོ་བའི་རྒྱ་ཆེར་བཤད་པ་གསེར་གྱི་སྒོ་འབྱེད། ༡༧ བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་མངོན་རྟོགས། ༡༨ སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབས་རྗེའི་མན་ངག་ཞལ་ཤེས། ༡༩ སྤྲིན་བྲལ་བའི་མན་ངག་དང་རྟ་མགྲིན་ཤྭ་ན་བཞིས་བསྐོར། ༢༠ རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་རྗེ་རིན་པོ་ཆེས་གནང་བ། ༢༡ ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་རྗེ་ཙོང་ཁ་པས་མཛད་པ་དང་། དབྱངས་ཅན་མའི་སྒྲུབ་ཐབས་རྗེས་གནང་བ། ༢༢ བཅོམ་ལྡན་འདས་སྨེ་བརྩེགས་ཀྱི་སྒྲུབ་ཐབས་རྗེས་གནང་བ། ༢༣ སངས་རྒྱས་སོ་ལྔའི་མངོན་རྟོགས་དང་ལྷ་སྐུའི་ཕྱག་ཚད། ༢༤ དེ་ཉིད་བསྡུས་པའི་འགྲེལ་པའི་ཟིན་བྲིས་རྗེས་གནང་བ། ༢༥ རྡོ་རྗེ་དབྱིངས་ཀྱི་ས་ཆོག་གི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ། ༢༦ རྡོ་རྗེ་དབྱིངས་ཀྱི་འཁོར་སྒྱུར་གྱི་བསྙེན་པའི་རིམ་པ་སོགས་རྗེ་ཉིད་ཀྱིས་ཟིན་བྲིས་སུ་གནང་བ་བཅས་ཆོས་ཚན་ཉེར་དྲུག་ལྷག་ཅིག་ཏུ་བཞུགས།

PDF       ཕབ་ལེན།
ཤོག་ངོས་འདི་ལ་ཐེངས་ 2255 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2021 ལོའི་ཟླ་བ། Jan ཚེས། 21 རེས་གཟའ། Thu
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com