དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Feb ཚེས། 03 རེས་གཟའ། Wed

དགྱེས་རབ་རྡོ་རྗེའི་གསུང་འབུམ། [ཅ]

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

sjrb-0173མཛད་པ་པོ། དགྱེས་རབ་རྡོ་རྗེ། [༡༨༣༢-༡༨༨༨]
ཆོས་ཚན།
ལས་བཞིའི་རྣམ་གཞག་སོགས།
ཞུ་སྒྲིག་པ།
སེར་བྱེས་ལྡན་བྱམས་པ་ཆོས་དབང་།
པར་གཞི་ཡོང་ཁུངས།
སེར་བྱེས་ལྡན་བྱམས་པ་ཆོས་དབང་།
རིག་མཛོད་དེབ་ཨང་།
SJRB-0173
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
2.2MB
༢༠༡༦ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༢ ཚེས་ ༣ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ཅ་པ་འདིར། ༡ དགྱེས་རབ་རྡོ་རྗེའི་མཛད་རྣམ་སྙིང་བསྡུས། ༢ འཇམ་མགོན་ཙོང་ཁ་པ་ཆེན་པོའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ལས་བཞིའི་འཁོར་ལོའི་རྣམ་གཞག ༣ སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས། ༤ མངོན་སྤྱོད་ཀྱི་རྣམ་གཞག་སྔགས་པ་ཧོམ་ཁུང་སྒོ་ནས་འཚང་རྒྱ་བའི་ལོ་རྒྱུས། ༥ དྲག་པོའི་ལས་ལ་སྐུལ་བའི་མཁྱེན་དགོངས། ༦ ཛམ་སེར་གྱི་སྒོ་ནས་གཏེར་བུམ་སྒྲུབ་པའི་ཆོ་ག ༧ ཛམ་དཀར་ལྷ་ལྔའི་ནོར་སྒྲུབ་ངག་འདོན་གྱི་གོ་རིམ། ༨ ཛམ་སེར་གྱི་ཆུ་སྦྱིན་མདོར་བསྡུས། ༩ འཕགས་ཡུལ་གྲུབ་པའི་རིག་འཛིན་དྲང་སྲོང་ཆེན་པོའི་མན་ངག་སྙན་རྒྱུད་བཀའ་རྒྱ་མ། ༡༠ དུག་བཅོས་ཀྱི་མན་ངག་གཽ་རཀྵའི་གསུང་རྒྱུན་ཟུར་འདེབས། ༡༡ བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་ཀྱི་ལྷན་ཐབས། ༡༢ ལྷན་ཐབས་དབང་གི་རྒྱལ་པོའི་ཟུར་རྒྱན། ༡༣ ལབ་སྐྱབས་མགོན་མདོ་རྒྱུད་རྒྱ་མཚོས་མཛད་པའི་ཁྱུང་ལྔའི་ལག་ལེན་དང་ཆུང་དཔྱད་མཛེས་པའི་འཁོར་ལོ། བཤལ་གྱི་ལག་ལེན་རྡོ་རྗེ་ཕ་ལམ་སྨན་མར་གྱི་ལག་ལེན་བཅུད་བསྡུས་བདུད་རྩི་བཅས་ཕྱོགས་གཅིག་ཏུ་བཀོད་པ་བཅས་ཆོས་ཚན་བཅུ་གསུམ་ལྷན་དུ་བཞུགས།

PDF       ཕབ་ལེན།
ཤོག་ངོས་འདི་ལ་ཐེངས་ 979 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2021 ལོའི་ཟླ་བ། Feb ཚེས། 03 རེས་གཟའ། Wed
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག །གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com