དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Aug ཚེས། 05 རེས་གཟའ། Mon

ཁྲིད་གཞུང་། སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས། [ཐ]

དྲ་འཇུག་པ།

སྒྲ་ཨང་།  KADSN3333435
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༥༦༣
རྣམ་པ། MP3 རྣམ་གྲངས། 73 ཆེ་ཆུང་། 2.33 GB
ཁྲིད་གཞུང་། སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས།
མཛད་པ་པོ། དབྱངས་ཅན་དགའ་བའི་བློ་གྲོས། [༡༧༥༩-༡༨༢༣]
བརྗོད་བྱ། གསང་སྔགས་ཀྱི་ས་ལམ་བགྲོད་ཚུལ་གྱི་རིམ་པ།
འཁྲིད་མཁན། དགེ་བཤེས་བློ་བཟང་འབྲུག་གྲགས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༡༣ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་གཅིག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་བློ་བཟང་འབྲུག་གྲགས་ནི། བོད་དུ་འཁྲུངས། འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམསས། ཆོས་ཐོག་ཐོན་པ་དང་རྒྱུད་སྨད་དུ་བཞུགས་ཏེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དང་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམས་ལ་སྔགས་ཀྱི་དཔེ་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །[འདི་གའི་PDF ཡི་ཤོག་གྲངས། ༡༣ འ ༢ དེ་འདྲའི་འོད་གསལ་ནི་སེམས་དབེན་མཐར་ཐུག་དཔེའི་འོད་གསལ་དང་། ཞེས་པ་ནས་ཡོད།][རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]

དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Aug ཚེས། 03 རེས་གཟའ། Sat

ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ། [ད]

དྲ་འཇུག་པ།

སྒྲ་ཨང་། KADZU2060432
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༦༠
རྣམ་པ། MP3 རྣམ་གྲངས། 125 ཆེ་ཆུང་། 4.65 GB
ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
བརྗོད་བྱ། ཟབ་མོ་དབུ་མའི་ལྟ་བ།
འཁྲིད་མཁན། དགེ་བཤེས་ཡ་མ་རིན་ཆེན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༤།༢༨ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཡ་མ་རིན་ཆེན་ནི། སྤྱི་ལོ་ ༡༩༦༧ ལོར་བོད་ཏྲེ་ཧོར་དར་རྒྱས་ཀྱི་ཁོངས་སུ་སྐུ་འཁྲུངས། དགུང་ལོ་བདུན་ནས་བཅུ་དྲུག་བར་སློབ་ཆུང་སོགས་འགྲིམས་ཏེ་སློབ་སྦྱོང་གནང་། ༡༩༨༤ ལོར་འཕགས་ཡུལ་དུ་འབྱོར་ཞིང་། བྱེས་ཀྱི་གདན་ས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་དང་། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཨུ་རྒྱན་ཚེ་བརྟན་སོགས་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་གནང་། འཛིན་གྲྭ་ཟུར་གསར་གྱི་སྐབས་རིགས་ཆུང་ཨང་རིམ་དང་པོའི་ཚོགས་ལངས་དང་། ༡༩༩༡ ལོ་སྟེ་སློབ་གཉེར་གྱི་སྐབས་སམ་ཆོས་ར་འགྲིམ་བཞིན་པའི་སྐབས་ནས་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆད་མེད་གནང་། ༡༩༩༧ ལོ་ནས་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་ནས་ལོ་རིམ་མཐའ་མ་གསུམ་ལ་འདུལ་བའི་རྩོམ་རྒྱུགས་དང་བཅས་ཨང་དང་པོའི་མཚན་རྟགས་བཞེས། ༢༠༠༣ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་བ་དང་། ༢༠༠༥ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས་ཤིང་། སྔགས་ཀྱི་རྩོད་རྒྱུགས་ཨང་དང་པོ་བཞེས། ༢༠༠༩ ལོ་ནས་ལོ་གསུམ་གྱི་རིང་གྲྭ་ཚང་གི་སློབ་གཉེར་རྒན་གནང་ཞིང་། ༢༠༡༢ ལོར་རང་ཡུལ་དུ་ཕེབས་ཏེ་དགོན་གྲོང་རྣམས་སུ་ཆོས་སྦྱིན་དང་། ༢༠༡༣ ལོར་ཨོ་སུ་ཀྲི་ལི་ཡར་ TBI ཆོས་ཚོགས་སུ་ནང་ཆོས་སློབ་ཁྲིད་སོགས་གནང་། ༢༠༡༥ ལོར་གྲྭ་ཚང་གི་དགེ་བསྐོས་གནང་བ་དང་། རྒྱུན་དུ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །

དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Jul ཚེས། 26 རེས་གཟའ། Fri

ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། [ཉ]

དྲ་འཇུག་པ།

སྒྲ་ཨང་།  KADLL2030263
མཁས་པ་གཞན། [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༣༨༧
རྣམ་པ། MP3 རྣམ་གྲངས། 46 ཆེ་ཆུང་། 2.91 GB
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ།
འཁྲིད་མཁན། སྐུ་ཕྱོགས་ཆོས་ལྡན་རིན་པོ་ཆེ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སྐུ་ཕྱོགས་ཆོས་ལྡན་རིན་པོ་ཆེ་མཆོག་ནི། ༡༩༣༡ ལོར་འཁྲུངས། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང༌། ༡༩༣༧ ལོར་རབ་ཏུ་བྱུང་། ༡༩༤༦ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་མཛད། ང་དགུའི་བར་ལོ་བཅུ་གསུམ་གྱི་རིང་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་ཆོས་ར་འགྲིམས་ཏེ་གཞུང་ཆེན་ཐོས་བསམ་གནང་། དགུང་ལོ་ཉི་ཤུའི་ཐོག་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ༦༥ ནས་༨༠ བར་སྒོ་ཕྱིར་མ་ཐོན་པར་དགེ་སྦྱོར་འབའ་ཞིག་ལ་གཞོལ་བར་མཛད། ༨༥ ལོར་འཕགས་ཡུལ་དུ་ཕེབས། སེར་བྱེས་གྲྭ་ཚང་དུ་གླིང་བསྲེ་དགེ་བཤེས་ཀྱི་དམ་འཇོག་གནང་ཞིང་། རྒྱུན་ཏུ་གྲྭ་ཚང་དུ་སློབ་གཉེར་པ་རྣམས་ལ་དཔེ་ཁྲིད་དང་། ད་ལྟའི་དུས་སུའང་ཕྱི་ནང་གི་དོན་གཉེར་པ་མང་པོ་དཔེ་ཁྲིད་དང་ལུང་ཆོས་མན་ངག་གིས་བསྐྱངས་དང་སྐྱོང་བཞིན་བཞུགས་པ་འདི་ག་ལགས་སོ། །

དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Jul ཚེས། 22 རེས་གཟའ། Mon

སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ལ་མཚན་མཐོང་ཕྱག་འཁྱེར་ཕུལ།

དྲ་འཇུག་པ།

རྣམ་གྲྭ་དང་རྒྱུད་སྟོད་མཁན་ཟུར་སྐྱབས་རྗེ་བྱ་དོ་རིན་པོ་མཆོག་ལ་ཌི་ཛ་ཡའི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་འབུམ་རམས་པའི་མཚན་མཐོང་ཕྱག་འཁྱེར་སོགས་གནང་འདུག

དེ་ཡང་རྣམ་གྲྭ་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གིས་ལོ་མང་རིང་ཆེན་པོ་ཧོར་གྱི་ཡུལ་གྲུ་རྣམས་སུ་ནང་ཆོས་དོན་གཉེར་བ་རྣམས་ལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་འབྲེལ་གནང་ཡོད་པ་དང་། ཟླ་འདིར་ཡང་བྷུར་ཡ་ཏའི་ཡུལ་དུ་མི་མང་ཁྲི་ཚོ་བརྒལ་བར་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་ཡོད་པ་སོགས་བསྟན་འགྲོའི་དོན་རླབས་ཆེན་མཛད་གནང་ཡོད་པ་ལྟར། ཌི་ཛ་ཡ་ཡི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་རིན་པོ་ཆེ་མཆོག་ལ་འབུམ་རམས་པའི་མཚན་མཐོང་ཕྱག་འཁྱེར་དང་། བུར་ཡ་ཏ་ཡེའི་གཞུང་གིས་[བུར་ཡ་ཏ་ཡེའི་གཟེངས་བསྟོད་ཀྱི་ལེགས་སྐྱེས།] འབུལ་གནང་མཛད་ཡོད་འདུགjado rinpoche 001
སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ནི། འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པ་ཐོན་རྗེས། སྐུ་གོང་མའི་མཛད་པ་ལྟར་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་དང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེར་བསྐོ་བཞག་གནང་བ་ལྟར་མཁན་པོའི་མཛད་འགན་བཞེས་ཤིང་། ༢༠༡༣ ལོ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་རིན་པོ་ཆེའི་མཛད་འཁུར་རིམ་པར་གནང་ཡོད་ལ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོ་བྱས་པའི་བླ་མ་དམ་པ་མང་པོའི་མདུན་ནས་དབང་ལུང་མན་ངག་ཁྲིད་སོགས་ཞུས་གནང་ཡོད་འདུག

 ༢༠༡༩།༠༧།༢༢ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Jul ཚེས། 22 རེས་གཟའ། Mon

མཁན་རིན་པོ་ཆེ་ཕྱོགས་ཕེབས་ཀྱི་མཛད་རིམ་སྙིང་བསྡུས།

དྲ་འཇུག་པ།

སེར་བྱེས་མཁས་སྙན་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་མཆོག་སྤྱི་ལོ་ ༢༠༡༩ ལོའི་སྤྱི་ཟླ་དྲུག་པ་དང་བདུན་པའི་ནང་ལ་ཆེན་པོ་ཧོར་གྱི་ཡུལ་དུ་ཕེབས་ཏེ་མཛད་འཕྲིན་བསྐྱངས།
དེ་ཡང་སྤྱི་ལོ་ ༢༠༡༩ ཟླ་བ་ ༦ ཚེས་ ༢༧ ཉིན་སེར་བྱེས་༧མཁན་རིན་པོ་ཆེ་མཆོག་དང་གྲྭ་ཚང་གི་ཕྱག་མཛོད་ཆེན་མོ་རྣམ་གཉིས་ཆེན་པོ་ཧོར་གྱི་ཡུལ་དུ་དགའ་ལྡན་ཡིད་དགའ་ཆོས་འཛིན་གླིང་དགོན་གྱིས་ཇི་ལྟར་གདན་ཞུ་གནང་བ་ལྟར་ཆིབས་བསྒྱུར་བསྐྱངས།
༢༠༡༩ ཟླ་བ་ ༦ ཚེས་ ༢༨ ཉིན་༧མཁན་རིན་པོ་ཆེ་དང་གྲྭ་ཚང་གི་ཕྱག་མཛོད་ཆེན་མོ་རྣམ་གཉིས་གྱིས་དགའ་ལྡན་ཐེག་ཆེན་གླིང་དགོན་གྱི་སྐྱབས་རྗེ་མཁན་རིན་པོ་ཆེ་དང་སྐྱབས་རྗེ་མཁན་ཟུར་བྱ་དོ་རིན་པོ་ཆེ་རྣམ་པ་གཉིས་དང་མཇལ་ཕྲད་གནང་།
༢༠༡༩ ཟླ་བ་ ༦ ཚེས་ ༢༩ ཉིན་ཆེན་པོ་ཧོར་གྱི་ཡུལ་དུ་དགའ་ལྡན་ཡིད་དགའ་ཆོས་འཛིན་གླིང་དགོན་གྱིས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་༧མཁན་རིན་པོ་ཆེ་མཆོག་གིས་ལྷག་པའི་ལྷ་མཆོག་རྟ་མགྲིན་ཡང་གསང་གི་དབང་ཆེན་གནང་།
༢༠༡༩ ཟླ་བ་ ༦ ཚེས་ ༣༠ ཉིན་ཆེན་པོ་ཧོར་ཡུལ་གྱི་དགའ་ལྡན་ཡིད་དགའ་ཆོས་འཛིན་གླིང་དགོན་དུ་༧མཁན་རིན་པོ་ཆེ་མཆོག་གིས་ལྷག་པའི་ལྷ་མཆོག་རྟ་མགྲིན་ཡང་གསང་གི་སྒོ་ནས་ཞི་བའི་སྦྱིན་སྲེག་འབུལ་གནང་མཛད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་༧མཁན་རིན་པོ་ཆེ་མཆོག་གིས་སྔ་དྲོ་དོན་གཉེར་ཅན་འགའ་ཞིག་གིས་གསོལ་འདེབས་ཞུ་དོན་ལྟར་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་དང་དེ་རྗེས་བསྒྲུབ་བྱ་འགའ་ཞིག་ལ་དགེ་བསྙེན་གྱི་སྡོམ་པ་སྩལ་གནང་བ་དང། ཕྱི་དྲོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དགོན་ནས་གསོལ་འདེབས་ཞུ་དོན་བཞིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་བྱང་ཆུབ་ལམ་སྒྲོན་གྱི་ཁྲིད་དབུ་འཛུགས་གནང་ཞིང་། དགའ་ལྡན་ཐེག་ཆེན་གླིང་དགོན་དུ་སྐུའི་འཁྲུངས་སྐར་མཛད་སྒོའི་སྐབས་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་གནང་།

༢༠༡༩།༠༧།༢༢ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

༧འཇིག་རྟེན་འདིའི་སྟོན་པ་ཆེན་པོ་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

ཟླ་ཤེལ་དུང་དང་ཀུན་ད་ལྟར་དཀར་བརྩེ་སེམས་ནོར་བུའི་འོད་བཟང་ལ་འཁྱུད་ཡངས་པའི་སྤྱན་ཟུང་འགྲོ་ལ་འཛུམ། །
ཚངས་པའི་དབྱངས་དང་དབྱངས་ཅན་ཕྱག་གི་རྒྱུད་མངས་ལ་འཁུ་གསུང་ངག་རིན་ཆེན་སྟོང་དང་རྟེན་འབྱུང་འོ་མས་འཚོ། །
ཡངས་པའི་གོ་ལའི་བཞུད་ལམ་རིང་མོ་ཡུད་ཀྱིས་བགྲོད་པའི་ཉི་གཞོན་ཇི་བཞིན་མཛད་འཕྲིན་ས་གཞིའི་ཁྱོན་ལ་སྐྱེལ། །
རིས་མེད་སྔོན་གྱི་སྟོན་པ་རྣམས་ཀྱང་གང་གི་མཛད་ལ་བསྒྲུན་དུ་མེད་འདིས་ཁྱོད་ནི་སྟོན་པ་ཆེན་པོ་འོ། །
༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་བཞི་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ། གུས་འབངས་སེར་བྱེས་རིག་མཛོད་ཀྱི་ལས་བྱེད་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་གུས་ཕྱག་གི་བརྩེགས་མ་དང་བཅས་ཏེ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ༢༠༡༩ .༠༧.༠༤ ལ།

དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Jun ཚེས། 16 རེས་གཟའ། Sun

དབྱིན་ཇི་གོང་མའི་ཆེ་བསྟོད་གཟེངས་རྟགས་འབུལ་གཏན་ཁེལ་བ།

དྲ་འཇུག་པ།

སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ལ།

དབྱིན་ཇི་གོང་མའི་གཟེངས་རྟགས་འབུལ་གཏན་ཁེལ་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ།
   དེ་ཡང་ཟླ་འདིའི་ཕྱི་ཚེས་ ༦ ཉིན་དབྱིན་ཡུལ་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་གིས་འདས་པའི་ལོ་ངོ་ ༢༤ ཙམ་རིང་དབྱིན་ཡུལ་དུ་སྤྱི་ཚོགས་ཞབས་ཞུ་གཟེངས་སུ་ཐོན་པ་གནང་བར་ཆེ་བསྟོད་དུ་དབྱིན་ཇི་རྒྱལ་མོའི་གཟེངས་རྟགས་འབུལ་གཏན་འཁེལ་བ་གསལ་བསྒྲགས་བསྐྱངས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པར་སེར་སྨད་གྲྭ་ཚང་གི་འདུ་ཁང་དུ། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དང་བླ་སྤྲུལ་སོགས་འདུ་འཛོམས་ཀྱིས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་དང་། 

    ཕྱི་ཚེས་༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢:༣༠ ལ་སེར་སྨད་གྲྭ་ཚང་གི་ཕྱག་མཛོད་དང་དབུ་མཛད་དགེ་བསྐོས་བཅས་ཀྱིས་གྲྭ་ཚང་གི་ཐོག་ཁར་མཁན་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་རྟེན་འབྲེལ་མཇལ་དར་ཕུལ་ཏེ་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་ཀྱང་ཚོགས་ཡོད་འདུག
   སྤྱིར་དབྱིན་ཇི་རྒྱལ་མོའི་གཟེངས་རྟགས་དེ་ནི་ལོ་ལྟར་དབྱིན་ཇིའི་ལོ་སར་དང་དབྱིན་ཇི་རྒྱལ་མོའི་འཁྲུངས་སྐར་གྱི་དུས་ཚོད་དང་བསྟུན་ཏེ་སྤྱི་ཚོགས་ནང་དུ་གཟེངས་སུ་ཐོན་པའི་ཞབས་འདེགས་ཞུ་མཁན་ལ་གནང་སྲོལ་ཡོད་པ་ལྟར། མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་གིས་ལོ་མང་རིང་དབྱིན་ཡུལ་དུ་ནང་བསྟན་གྱི་སྒོ་ནས་སྤྱི་ཚོགས་ལ་ཞབས་འདེགས་བླ་ན་མེད་པ་བསྒྲུབས་པར་ཆེ་བསྟོད་དུ་གཟེངས་རྟགས་དེ་འབུལ་རྒྱུར་ཐག་གཅོད་གནང་ཡོད་འདུག །
   ༧སྐྱབས་རྗེ་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་བོད་སྤུ་ཧྲེང་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་ཡབ་ཡུམ་གཉིས་ཀྱིས་ཁྲིད་དེ་འཕགས་ཡུལ་དུ་བཙན་བྱོལ་ལ་འབྱོར། དགུང་ལོ་ ༡༣ སྟེང་རྒྱ་གར་ལྷོ་ཕྱོགས་ཀྱི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༨༩ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་ཡོད་པ་དང་། དེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལམ་སྟོན་དང་འབྲེལ་ནས་ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་ཡོ་རོབ་དང་། བྱང་ཨ་མི་རི་ཀ །དེ་བཞིན་ཨེ་ཤ་ཡ་རྒྱལ་ཁབ་སོགས་སུ་ནང་བསྟན་གྱི་སློབ་ཁྲིད་གནང་བཞིན་ཡོད་འདུག །
   ཕྱི་ལོ་ ༢༠༡༥ ནས་ལོ་ ༣ རིང་ལོན་ཊོན་གཙུག་ལག་སློབ་གྲྭ་ཆེན་མོར་སློབ་གཉེར་གནང་སྟེ་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོ་ནས་ནང་ཆོས་ཀྱི་གཞི་རྩའི་ལྟ་གྲུབ་སློབ་སྦྱོང་(Foundation of Buddhist Thoughts) ཟེར་བ་དང་ལམ་རིམ་སོགས་ཀྱི་བརྗོད་གཞིའི་ཐད་དྲ་རྒྱ་བརྒྱུད་ནང་ཆོས་དོན་གཉེར་བ་ཚོར་སློབ་ཁྲིད་གནང་སྟེ་དུས་ཡུན་ལོ་གཉིས་ཅན་གྱི་དེང་དུས་དང་མཐུན་པའི་སློབ་གཉེར་གྱི་ལས་གཞི་ཞིག་བཙུགས་ཡོད་པ་དང་། ད་བར་ལས་གཞི་དེར་རྒྱལ་ཁབ་འདྲ་མིན་ནས་འཛུལ་ཞུགས་བྱེད་མཁན་མི་གྲངས་༦༠༠༠ ཙམ་བྱུང་ཡོད་པའི་ཁྲོད། མི་གྲངས་ ༤༠༠༠ ལྷག་དངོས་སུ་སློབ་མཐར་ཕྱིན་ཡོད་འདུག །ཕྱི་ལོ་ ༢༠༡༧ ལོར་ཨེ་ཤ་ཡ་དང་ཨ་ཕི་རི་ཀའི་ཐོག་གི་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་མི་རྒྱུད་དཔྱད་རིག་ཐད་གཙུག་ལག་རབ་འབྱམས་ཀྱི་སློབ་མཐར་སོན་པ་དང་། ཁོང་ནས་དབྱིན་ཡིག་ཐོག་ The Foundation of Buddhist Thought འམ་ནང་པའི་ལྟ་གྲུབ་ཀྱི་རྨང་གཞི་ཞེས་པའི་ཕྱག་དེབ་པོད་བདུན་ཙམ་བརྩམས་ཡོད་འདུག
  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ ༢༠༡༨ ཟླ་ ༦ ནང་སེར་སྨད་ཐོས་བསམ་ནོར་གླིང་གི་མཁན་ཐོག ༩༡ པར་བཞུགས་ཡོད་འདུག

༢༠༡༩།༠༦།༡༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 08 རེས་གཟའ། Sat

གཞིའི་སྐུ་གསུམ་གྱི་རྣམ་གཞག་རབ་གསལ་སྒྲོན་མེ།

དྲ་འཇུག་པ།

sjrb 0276མཚན་བྱང་། གཞིའི་སྐུ་གསུམ་གྱི་རྣམ་གཞག་རབ་གསལ་སྒྲོན་མེ།
མཛད་པ་པོ།
དབྱངས་ཅན་དགའ་བའི་བློ་གྲོས།
བརྗོད་བྱ།
གཞིའི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་གྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0276
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
869 KB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༥ ཟླ་ ༥ པར་བསྐྱར་བཅོས་བྱས།
ངོ་སྤྲོད་མདོར་བསྡུས།
ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ནི། ཕྱི་ལོ་ ༡༧༤༠ ལོར་བོད་ཙོང་ཁའི་ཕྱོགས་སུ་ཕྱག་རྡོ་ཐང་གི་ཨ་ཀྱཱ་སྡེ་བར་སྐུ་འཁྲུངས། དགུང་ལོ་བདུན་པར་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་དོན་གྲུབ་གསོལ། དགུང་ལོ་བཅོ་ལྔ་ལ་བྱ་ཁྱུང་དགོན་དུ་ཆོས་ཞུགས་མཛད། དགུང་ལོ་ཉེར་བདུན་སྐབས་དབུས་སུ་ཕེབས་ཏེ་གཞུང་ཆེན་ལ་སློབ་གཉེར་གནང་། དགུང་ལོ་ཉེར་བརྒྱད་སྐབས་བསྙེན་པར་རྫོགས། ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན། དགུང་ལོ་བཞི་བཅུ་པར་མགུར་རྣམ་རྒྱལ་གླིང་གི་ཁྲིར་ཕེབས། རྫོང་ནང་དགོན་པ་སོགས་ཕྱག་བཏབ། དགུང་ལོ་དྲུག་ཅུ་རེ་བཞི་ལ་བྱ་ཁྱུང་དགོན་གྱི་ཁྲིར་ཕེབས། སྐུ་འབུམ་བླ་མ་ཨ་ཀྱཱ་ཡེ་ཤེས་བསྐལ་བཟང་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད་པས་ཡོངས་གྲགས་སུ་ཨ་ཀྱཱ་ཡོངས་འཛིན་ཞེས་གསོལ། ཕྱི་ལོ་ ༡༨༢༧ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོད་འབྲིང་གཉིས་ཙམ་བཞུགས།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། May ཚེས། 01 རེས་གཟའ། Wed

གལ་ཆེའི་ངོ་སྤྲོད་དང་གསལ་བཤད་འགའ།

དྲ་འཇུག་པ།

མཁྱེན་ཡངས་དོན་གཉེར་ཅན་དག་གི་སྙན་ལམ་དུ།

སྟབས་གསོལ།

       དགོངས་མངའ་ལྟར་<སེར་བྱེས་རིག་མཛོད་ཆེན་མོའི་>དྲ་ཚིགས་འདི་ཉིད་རང་རེའི་ཆོས་རིག་སྲུང་སྐྱོབ་དང་དར་སྤེལ་ཆོས་རིག་ལ་མོས་པ་ཆེ་བའི་དོན་གཉེར་ཅན་དག་གི་ཆེད་དུ་གསར་བཟོ་དང་སྒྲིག་བཀོད་བྱས་པ་ཞིག་ཡིན་པ་དང་། དྲ་ངོས་སུ་ལེ་ཚན་གང་མང་ཞིག་ཡོད་པ་ལས་གཙོ་བོ་གཅིག་ནི་རིས་མེད་མཁས་པའི་གསུང་གི་སྒྲ་མཛོད་དེ་ཡིན་པ་དང་།

           ཚན་པ་དེར་མཁས་པའི་གསུང་ཚན་བརྒྱ་ཕྲག་མང་པོ་ཞིག་བཞག་ཡོད་པ་དག་དྲ་ངོས་རྙིང་པར་སྒྲ་སྒྲིག་སྦྱོར་དང་། ཉན་བྱེད་ཀྱི་མཉེན་ཆས་ཤིག་ཉོས་ཏེ་སྒྲ་རྣམས་དེའི་ནང་དུ་སྒྲིག་བཟོ་བྱས་ཏེ་དྲ་ངོས་སུ་བཞག་ཡོད་ནའང་། མཉེན་ཆས་དེར་ཕབ་ལེན་མེད་པས་ཟུར་དུ་མཉེན་ཆས་ (SoundCloud) ནང་དུ་བླུགས་ཏེ་དྲ་ངོས་སུ་སྦྲེལ་སྣེ་མཐུད་ཡོད་ལ། ད་ལོ་དྲ་ངོས་བསྐྱར་སྒྲིག་བྱེད་སྐབས་སྒྲ་སྦྱོར་མཉེན་ཆས་དེ་བེད་མེད་ཏུ་གྱུར་འདུག་པས། གནས་སྐབས་སུ་སྒྲ་མཛོད་དྲ་ངོས་སུ་དཔེ་ཁྲིད་རྣམས་འདི་ག་རྩོམ་སྒྲིག་ཁང་གི་སྒྲ་མཛོད་དྲ་ཚིགས་ཟུར་པ་ (SoundCloud) ལ་སྦྲེལ་སྣེ་མཐུད་དེ་སྒྲིག་སྦྱོར་བྱས་ཡོད་ལ། རྗེས་འཆར་སྒྲ་སྦྱོར་མཉེན་ཆས་ལེགས་པོ་ཞིག་ལག་སོན་བྱུང་ཚེ་བསྐྱར་སྒྲིག་བྱེད་རྒྱུ་ཡིན།sd00017 3

             སྒྲ་མཛོད་ཟུར་པ་དེའི་སྐོར་སྔོན་དུ་གསལ་བསྒྲགས་དང་གསལ་བཤད་སོང་ཟིན་པ་དང་། རྩིས་འཁོར་གྱི་ནང་དུ་རིག་མཛོད་དྲ་ངོས་ནས་གསུང་ཚན་གང་ཞིག་ཐོག་མར་ཁ་ཕྱེ་སྐབས་ཀུ་རུ་ཁའམ་ཁྲམ་རྟགས་( x ) ཟླུམ་ཐིག་གི་ནང་དུ་ཡོད་པ་ཞིག་ཤར་པ་དེ་གར་མཛུབ་གནོན་བྱས་ན་མཉན་རྟགས་དང་ཕབ་ལེན་གྱི་རྟགས་སོགས་ཤར་འོངས་པས་དེ་ནས་ཐུགས་མོས་ལྟར་གསན་པའམ་ཕབ་ལེན་བྱེད་ཐུབ།
           ཁ་པར་སོགས་སུ་གསུང་ཚན་གང་ཞིག་ཐོག་མར་ཁ་ཕྱེ་སྐབས་རྒྱབ་ལྗོངས་དམར་པོ་དང་(Play on SoundCloud ) དབྱིན་ཡིག་འདི་མཉམ་སྦྱར་ཞེས་པ་ཞིག་དང་། རྒྱབ་ལྗོངས་ནག་པོར་དབྱིན་ཡིག་(Listen in browser) བྲིས་ཡོད་པ་ཞིག་བཅས་གཉིས་ཡོད་པ་ལས་རྒྱབ་ལྗོངས་ནག་པོ་ཅན་དེར་མཛུབ་གནོན་གཉིས་སམ་གནོན་ཙམ་བྱས་ཚེ་དཔེ་ཁྲིད་དེ་གསན་པའམ་ཕབ་ལེན་གནང་ཐུབ།

ཞེས་༢༠༡༩ ཕྱི་ཟླ་༠༥ ཚེས་༠༡ ཉིན་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཕུལ།

དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Apr ཚེས། 27 རེས་གཟའ། Sat

ཁྲིད་གཞུང་། རིམ་ལྔ་གསལ་སྒྲོན། [ང]

དྲ་འཇུག་པ།

སྒྲ་ཨང་།  KADSR3333318
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༤༤༦
རྣམ་པ། MP3 རྣམ་གྲངས། 79 ཆེ་ཆུང་། 3 GB
ཁྲིད་གཞུང་། རིམ་ལྔ་གསལ་སྒྲོན།
མཛད་པ་པོ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
འཁྲིད་མཁན། དགེ་བཤེས་མཁས་གྲུབ་ནོར་བཟང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་མཁས་གྲུབ་ནོར་བཟང་ནི། བོད་དུ་འཁྲུངས། འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམསས། ཆོས་ཐོག་ཐོན་པ་དང་རྒྱུད་སྟོད་དུ་བཞུགས་ཏེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དང་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམས་ལ་སྔགས་ཀྱི་དཔེ་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]

ངོ་ཤོག 45 ནས་ 120