དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Jul ཚེས། 10 རེས་གཟའ། Fri

འགྲེལ་ཆེན་དྲི་མེད་འོད། སྨད།

དྲ་འཇུག་པ།

sjrb-0487མཛད་པ་པོ། རིགས་ལྡན་པདྨ་དཀར་པོ།
བརྗོད་བྱ། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ།
པར་གཞི། སྡེ་དགེའི་བསྟན་འགྱུར་ལྟར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0487
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 665  ལྗིད་ཚད། 3.5MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཤམ་བྷ་ལའི་རིགས་ལྡན་པདྨ་དཀར་པོས་མཛད་པའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་སྟེ་དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་དུ་གྲགས་པའི་སྨད་ཆ་བཞུགས་ལ། སྨད་ཆ་འདིར་སྒྲུབ་ཐབས་ལེའུའི་འགྲེལ་པ་ལས་མདོར་བསྡུས་བཞི་པ་མན་ཆད་དང་། དབང་གི་ལེའུའི་རྒྱས་འགྲེལ། ཡེ་ཤེས་ལེའུའི་རྒྱས་འགྲེལ་བཅས་ལྷན་དུ་བཞུགས།

དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Jul ཚེས། 10 རེས་གཟའ། Fri

འགྲེལ་ཆེན་དྲི་མེད་འོད། སྟོད།

དྲ་འཇུག་པ།

sjrb-0486མཛད་པ་པོ། རིགས་ལྡན་པདྨ་དཀར་པོ།
བརྗོད་བྱ། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ།
པར་གཞི། སྡེ་དགེའི་བསྟན་འགྱུར་ལྟར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0486
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 665  ལྗིད་ཚད། 4MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཤམ་བྷ་ལའི་རིགས་ལྡན་པདྨ་དཀར་པོས་མཛད་པའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་སྟེ་དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་དུ་གྲགས་པའི་སྟོད་ཆ་བཞུགས་ལ། སྟོད་ཆ་འདིར་འཇིག་རྟེན་ཁམས་ཀྱི་ལེའུའི་འགྲེལ་པ་ཆ་ཚང་དང་། ནང་གི་ལེའུའི་འགྲེལ་པ་ཆ་ཚང་། སྒྲུབ་ཐབས་ལེའུའི་འགྲེལ་པ་ལས་མདོར་བསྡུས་གསུམ་པ་ཡན་ཆད་བཅས་ལྷན་དུ་བཞུགས།

དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Jul ཚེས། 10 རེས་གཟའ། Fri

དུས་འཁོར་བསྡུས་རྒྱུད།

དྲ་འཇུག་པ།

sjrb-0390མཛད་པ་པོ། རིགས་ལྡན་འཇམ་དཔལ་གྲགས་པ།
བརྗོད་བྱ། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0390
ཡིག་ཆའི་རྣམ་པ། PDF པར་གཞི། སྡེ་དགེའི་བསྟན་འགྱུར་ལྟར།
ཤོག་གྲངས། 310 ལྗིད་ཚད། 1.7MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིར་ཤམྦྷ་ལའི་རིགས་ལྡན་ཉེར་ལྔའི་ཐོག་མ་རིགས་ལྡན་འཇམ་དཔལ་གྲགས་པས་མཛད་པའི་མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་སྟེ། ཡོངས་གྲགས་སུ་དུས་འཁོར་བསྡུས་རྒྱུད་དུ་གྲགས་པ་ཉིད་བཞུགས་ལ། རྒྱུད་འདི་ནི་ཐོག་མར་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང་། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དུས་ཕྱིས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པ་ལགས་ཤིང་། འགྱུར་དེ་ཉིད་སྡེ་དགེའི་བསྟན་འགྱུར་རྒྱུད་པོད་༼ ཐ ༽ པར་བཞུགས་པ་མ་ཕྱིར་བཟུང་ནས་བསྒྲིགས་པ་ཡིན་ནོ། །

འཚེ་མེད་ལམ་བཟང་འཇིག་རྟེན་ཁྱབ་པར་བསྟ༵ན། །
གངས་ལྗོངས་ལུགས་གཉིས་སྲོག་གི་རྩ་བ་འཛི༵ན །
སྟོང་ཉིད་སྙིང་རྗེ་ཉམས་མྱོང་ཚད་མས་འདོམས། །
ལུས་ཅན་རྒྱ༵་མཚོ༵འི་མགོན་ཁྱོད་ཕྱག་གི་ཡུལ། །
ྋལྷར་བཅས་སྲིད་ཞིའི་གཙུག་རྒྱན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ྋརྗེ་བཙུན་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༡ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོའི་ཉིན། དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་སྐོར་བཞིན་པར་འགྲོ་བ་མིའི་རིགས་སྤྱི་དང་ཁྱད་པར་དུ་མགོན་པོ་གང་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་གུས་འབངས་ཡོངས་ཀྱི་ལམ་སྟོན་གྱི་སྒྲོན་མེ་དང་བསོད་ནམས་ཀྱི་ཞིང་དམ་པར་ཞབས་ཟུང་མི་ཤིགས་རྡོ་རྗེའི་ཁྲི་འཕང་མཐོན་པོར་བསྐལ་བརྒྱར་གཡོ་བ་མེད་པར་བརྟན་པར་བཞུགས་པའི་གསོལ་འདེབས་གྲངས་མེད་ཞུ།།

 

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
༢༠༢༦ལོའི་ཟླ་༧ཚེས་༦ལ།

གསང་ཆེན་བསྟན་པའི་མཛོད་འཛིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་། སྐུ་བཅར་རྩེ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གཉིས་ཀྱི་མཁན་ཟུར། བསྟན་པའི་གསལ་བྱེད་༸སྐྱབས་རྗེ་བྱ་དོ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་འབྱུང་གནས་དཔལ་བཟང་པོ་མཆོག་ལ་སེར་བྱེས་གྲྭ་ཚང་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན། བོད་རྒྱལ་ལོ་༢༡༥༣ཕྱི་ལོ་༢༠༢༦ཟླ་༦ཚེས་༡༧ནས་ཚེས་༣༠བར། སེར་བྱེས་མཁན་སྙན་གྲྭ་ཚང་གི་གཙུག་ལག་ཁང་དུ། གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས་པདྨ་ཡང་གསང་ཁྲོས་པའི་ཆོས་སྐོར་རྟ་པོད་དུ་གྲགས་པ་དང་སོག་པོ་ཁལ་ཁ་དམ་ཚིག་རྡོ་རྗེའི་གསུང་རྟ་མགྲིན་གྱི་ཆོས་སྐོར་བཅས་ལས་ལུང་སྣ་ཚོགས་དང་། སྔོན་འགྲོའི་ཁྲིད་ཡིག །དམིགས་རིམ། བསྐྱེད་རིམ་དང་རྫོགས་རིམ་ཀྱི་ཁྲིད་བཅས་གནང་བ་དང་། ཕྱི་ཚེས་༢༤བོད་ཟླ་ལྔ་པའི་ཚེས་བཅུ་དང་སློབ་དཔོན་གྱི་དུས་ཆེན་ཁྱད་པར་ཅན་དང་གཟའ་ལྷག་པ་བཅས་མ་བསྒྲིགས་ལྷུན་གྲུབ་ཏུ་བྱུང་བའི་དུས་ཚེས་བཟང་པོར་བཅོམ་ལྡན་འདས་དཔལ་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་གི་སྟ་གོན་དང་འབྲེལ་རྟ་མགྲིན་གཏོར་དབང་། ཚེས་༢༥ཉིན། རྟ་མགྲིན་ཡང་གསང་གི་དབང་ཆེན་དང་གིང་ལྔའི་རྗེས་གནང་། ཚེས་༢༦ཉིན། ༸གོང་ས་ལྔ་པ་ཆེན་པོ་ལ་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་གཟིགས་ནས་དབང་བསྐུར་བར་མཛད་པ་ལས་བརྒྱུད་པ་རྟ་མགྲིན་ཡང་གསང་གི་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་དབང་དང་གཟའ་གདོང་རྗེས་གནང་། ཚེས་༢༧ཉིན། ༸གོང་ས་ལྔ་པ་ཆེན་པོ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་གཟིགས་ཤིང་དབང་བསྐུར་བར་མཛད་པ་ལས་བརྒྱུད་པ་རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་དང་ལྕམ་སྲིང་གཙོ་འཁོར་གྱི་རྗེས་གནང་། ཚེས་༢༨ཉིན། ༸གོང་ས་ལྔ་པ་ཆེན་པོ་ལ་རྩ་གསུམ་ལྷ་ཡིས་ཞལ་གཟིགས་ནས་གནང་བའི་རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་དབང་དང་རྫོང་ཆུང་ཚེ་དབང་ངམ་ཚེ་རྟ་ཟུང་འབྲེལ་གྱི་དབང་གནང་། ཚེས་ཉེར་༢༩ཉིན་ཁྲིད་རྣམས་ཡོངས་སུ་གྲུབ་ཅིང་ལྕམ་སྲིང་གི་བེའུ་བུམ་གྱི་ལུང་ཡང་གནང་། ཚེས་༣༠ ཉིན། ལྕམ་སྲིང་གི་བེའུ་བུམ་གྱི་ལུང་གི་འཕྲོ་ནས་ཁོང་ཉིད་ལ་ལུང་རྒྱུན་གང་ཡོད་ཆ་ཚང་བ་གནང་གྲུབ་སྟེ་བསྟན་འགྲོར་ཕན་པའི་བཀའ་སློབ་ལམ་སྟོན་དང་བཅས་ཐེངས་འདིའི་ཉིན་གྲངས་བཅུ་བཞིའི་རིང་གི་ཆོས་འབྲེལ་ལེགས་པར་གྲུབ་བོ།།

དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Jun ཚེས། 29 རེས་གཟའ། Mon

༢༠༢༦ ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།

དྲ་འཇུག་པ།

སེར་བྱེས་མཁས་སྙན་གྲྭ་ཚང་གི་༢༠༢༦ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།
ཉིན་གྲངས།བོད་ཟླ།བོད་ཚེས།ཕྱི་ཟླ།ཕྱི་ཚེས།རེས་གཟའ།མཛད་རིམ།
 ༡  ༥  ༡༧  07 1 ལྷག་པ།  ཆོས་རྒྱུགས།
 ༥  ༡༧ 07  2 ཕུར་བུ། ཆོས་རྭ་ཡར་ཚོགས།
 ༡༨ 07  3 པ་སངས། ཤིང་སློང་། ཁམས་ཚན།
 ༡༩ 07 4 སྤེན་པ། ཤིང་སློང་། གྲྭ་ཚང་།
 ༢༠ 07 5 ཉི་མ། སྔ་དགོང་ཆོས་རྭ།
༢༡ 07 6 ཟླ་བ།  འཁྲུངས་སྐར་དུས་ཆེན།
༢༢ 07 7 མིག་དམར། འཁྲུངས་སྐར་དུས་ཆེན། 
༢༣ 07 8 ལྷག་པ། འཁྲུངས་སྐར་དུས་ཆེན། 
༢༤ 07 9 ཕུར་བུ། རིགས་རམས་དགེ་བཤེས།
༡༠ ༢༦ 07 10 པ་སངས། རིགས་རམས་དགེ་བཤེས།
༡༡ ༢༧ 07 11 སྤེན་པ། རིགས་རམས་དགེ་བཤེས།
༡༢ ༢༨ 07 12 ཉི་མ། དགེ་བཤེས་མཛད་སྒོ། དགོང་མོ་ཆོས་རྭ།
༡༣ ༢༩ 07 13 ཟླ་བ། གསོ་སྦྱོང་། སྔ་དགོང་ཆོས་རྭ།
༡༤ ༣༠ 07 14 མིག་དམར། གུང་སེང་།
༡༥ 07 15 ལྷག་པ། སྔ་དགོང་ཆོས་རྭ། 
༡༦ 07 16 ཕུར་བུ། ཤིང་སློང་སྐེད་པ། 
༡༧ 07 17 པ་སངས། ཤིང་སློང་སྐེད་པ། གྲྭ་ཚང་།
༡༨ 07 18 སྤེན་པ། སྔ་དགོང་ཆོས་རྭ། 
༡༩ 07 19 ཉི་མ། སྔ་དགོང་ཆོས་རྭ། 
༢༠ 07 20 ཟླ་བ། སྔ་དགོང་ཆོས་རྭ། 
༢༡ 07 21 མིག་དམར།  གུང་སེང་།
༢༢ 07 22 ལྷག་པ། སྔ་དགོང་ཆོས་རྭ། 
༢༣ 07 23 ཕུར་བུ། རིགས་ཆེན་ཚོགས་ལངས།
༢༤ ༡༠ 07 24 པ་སངས། རིགས་ཆེན་ཚོགས་ལངས།
༢༥ ༡༡ 07 25 སྤེན་པ། སྔ་དགོང་ཆོས་རྭ། 
༢༦ ༡༢ 07 26 ཉི་མ། སྔ་དགོང་ཆོས་རྭ། 
༢༧ ༡༣ 07 27 ཟླ་བ། སྔ་དགོང་ཆོས་རྭ། 
༢༨ ༡༤ 07 28 མིག་དམར། གསོ་སྦྱོང་། གུང་སེང་།
༢༩ ༡༥ 07 29 ལྷག་པ། དུས་བཟང་ཆེན་མོ།
༣༠ ༡༦ 07 30 ཕུར་བུ། དབྱར་ཆོས་ཆེན་མོ་མར་གྲོལ།
   

དབྱར་ཆོས་ཆེན་མོའི་ཆོས་ཐོག་སྐབས་སུ་ཞོགས་ཆོས་ཐམས་ཅད་ལ་ཆོས་འདོན་ཡོད།   སེར་བྱེས་དགེ་བསྐོས་མཆོག་གིས་གསལ་བསྒྲགས་གནང་བ་ལྟར་བསྒྲིགས།

༢༠༢༦-༠༥-༢༩ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Jun ཚེས། 08 རེས་གཟའ། Mon

བསྟོད་པ་དོན་ལྡན་མ་རྩ་འགྲེལ།

དྲ་འཇུག་པ།

sjrb 489རྩ་འགྲེལ་གཉིས་ཀ་མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། རྗེ་ཙོང་ཁ་པ་ལ་བསྟོད་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0489
ཡིག་ཆའི་རྣམ་པ། PDF པར་གཞི། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་པར།
ཤོག་གྲངས། 309   ལྗིད་ཚད། 1.7MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྗེ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ནི། ༡༧༦༢ ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། དགུང་ལོ་ལྔའི་སྐབས་གུང་ཐང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་སྒོར་ཞུགས་ཤིང་། ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་དང་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་གི་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་ཞུས། དགུང་ལོ་ཉེར་ལྔའི་སྐབས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་སོ་གཅིག་གི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། མདོ་སྨད་ཕྱོགས་ཀྱི་ཆོས་སྡེ་མང་པོར་ཆོས་རྒྱུན་འཆད་སྤེལ་དང་སློབ་མ་སྐྱེས་ཆེན་དམ་པ་མང་དུ་བསྐྱངས། ༡༨༢༣ ལོར་སྐུ་གཤེགས། གསུང་རྩོམ་པོད་བཅུ་གཅིག་བཞུགས། སྐབས་བབ་ཀྱི་འཕྲུལ་དེབ་འདིར། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ་རྩ་བ་དང་དེའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ་གཉིས་ལྷན་དུ་བཞུགས།

PDF  འདི་ནས་ཕབ་ལེན་བྱོས།                       དགེ་བའི་བཤེས་གཉེན་དགེ་འདུན་རྒྱ་མཚོ། བསྟོད་པ་དོན་ལྡན་མ་རྩ་འགྲེལ་གྱི་ཁྲིད་ཉན་ན་འདིར་ནོན།
དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Jun ཚེས། 08 རེས་གཟའ། Mon

མཁྱེན་གསུམ་གྱི་རྣམ་པ་རྒྱས་བཤད།

དྲ་འཇུག་པ།

sjrb-0488མཛད་པ་པོ། དགེ་བཤེས་བྱམས་པ་རྒྱ་མཚོ།
བརྗོད་བྱ། མཁྱེན་གསུམ་གྱི་རྣམ་པ་རྒྱས་པར་བཤད་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0488
ཡིག་ཆའི་རྣམ་པ། PDF པར་གཞི། རྩོམ་པ་པོའི་ཕྱག་བྲིས་ལྟར་བསྒྲིགས།
ཤོག་གྲངས། 475 ལྗིད་ཚད། 2.4MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། དགེ་བཤེས་བྱམས་པ་རྒྱ་མཚོ་ནི། ཕྱི་ལོ་༡༩༣༢ལོར་བོད་དུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ལ་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས། དགུང་ལོ་བཅུ་དྲུག་ནས་གཞུང་ཆེན་སློབ་གཉེར་དབུ་འཛུགས་མཛད། ཕྱི་ལོ་༡༩༥༩ ལོར་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་བྷག་ས་ཆོས་སྒར་དུ་སློབ་གཉེར་མུ་མཐུད་གནང་། ༡༩༦༧ལོར་ཝཱ་ཎ་མཐོ་སློབ་ཏུ་སློབ་སྦྱོང་ལ་ཕེབས་ཏེ་༡༩༧༠ལོར་ཨ་ཅརྱའི་ཕྱག་འཁྱེར་ཐོབ། ༡༩༧༢ལོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། རང་གཞུང་ཆོས་རིག་ལས་ཁུངས་ཀྱི་བཀའ་མངགས་བཞིན་ཝཱ་ཎ་རུ་ཤེས་རབ་སྙིང་པོ་ཞིབ་འཇུག་གནང་མཁན་གྱི་གྲས་སུ་ཕེབས། ༡༩༧༦ལོར་མཁྱེན་གསུམ་གྱི་རྣམ་པ་རྒྱས་པར་བཤད་པ་མེ་ཏོག་ཕྲེང་མཛེས་ཞེས་བྱ་འདི་ཉིད་ལྗགས་རྩོམ་མཛད། ༡༩༨༠ ལོ་ནས་ནུབ་ཕྱོགས་སུ་བསྟན་པ་དར་སྤེལ་རྒྱ་ཆེར་མཛད། བཞུགས་ཤག་གསར་རྒྱག་སོགས་ཀྱིས་ཁང་ཚན་དུ་གྲྭ་མང་གི་དཀའ་ངལ་སྣ་མང་སེལ་བར་བྱས། ཁང་ཚན་གྱི་བརྩི་བཞག་མཁན་པོའི་ལས་ཁུར་ཡང་ལོ་མང་མཛད། གྲྭ་ཚང་དང་ཁང་ཚན་ཆོས་ཚོགས་དང་ཚོགས་སྡེ་ཁག་གཞན་སོགས་སུ་ཞབས་ཏོག་དང་གཟིགས་སྐྱོང་མི་དམན་པར་མཛད། མཐར་ཕྱི་ལོ་༢༠༠༧ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།

དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Apr ཚེས། 20 རེས་གཟའ། Mon

༢༠༢༦ ལོའི་དཔྱིད་ཆོས་ཆེན་མོའི་མཛད་རིམ།

དྲ་འཇུག་པ།

སེར་བྱེས་མཁས་སྙན་གྲྭ་ཚང་གི་༢༠༢༦ལོའི་དཔྱིད་ཆོས་ཆེན་མོའི་མཛད་རིམ།
ཉིན་གྲངས།བོད་ཟླ།བོད་ཚེས།ཕྱི་ཟླ།ཕྱི་ཚེས།རེས་གཟའ།མཛད་རིམ།
༡   ༣  ༧  04  23 ཕུར་བུ། ཆོས་རྒྱུགས།
 ༢  ༣  ༨  04  24 པ་སངས། དཔྱིད་ཆོས་ཆེན་མོ་ཡར་ཚོགས། ཞོགས་པ།
 ༣  ༣  ༩ 04   25 སྤེན་པ། ཤིང་སློང་།
 ༡༠ 04 26 ཉི་མ། འོས་བསྡུ། ཤིང་སློང་། 
༡༡ 04 27 ཟླ་བ།  དབྱར་གླིང་དགེ་བཤེས་དམ་བཅའ། 
༡༢ 04 28 མིག་དམར། དབྱར་གླིང་དགེ་བཤེས་དམ་བཅའ། 
༡༣ 04 29 ལྷག་པ། དབྱར་གླིང་དགེ་བཤེས་དམ་བཅའ། 
༡༤ 04 30 ཕུར་བུ། དགེ་བཤེས་མཛད་སྒོ། དགོང་མོ་ཆོས་ར། 
༡༥ 05 01 པ་སངས། གུང་སེང་། 
༡༠ ༡༦ 05 02 སྤེན་པ། ཆོས་འདོན།
༡༡ ༡༧ 05 03 ཉི་མ། ཆོས་འདོན།
༡༢ ༡༨ 05 04 ཟླ་བ། ཆོས་འདོན།
༡༣ ༡༩ 05 05 མིག་དམར། གུང་སེང་།
༡༤ ༢༠ 05 06 ལྷག་པ། སྔ་དགོང་ཆོས་ར། 
༡༥ ༢༡ 05 07 ཕུར་བུ། སྔ་དགོང་ཆོས་ར། 
༡༦ ༢༢ 05 08 པ་སངས།  སྔ་དགོང་ཆོས་ར། 
༡༧ ༢༢ 05 09 སྤེན་པ། སྔ་དགོང་ཆོས་ར། 
༡༨ ༢༣ 05 10 ཉི་མ། ཤིང་སློང་སྐེད་པ། རིགས་ཆུང་རྩོད་རྒྱུགས།
༡༩ ༢༤ 05 11 ཟླ་བ། ཤིང་སློང་སྐེད་པ། རིགས་ཆུང་རྩོད་རྒྱུགས།
༢༠ ༢༥ 05 12 མིག་དམར།  གུང་སེང་།
༢༡ ༢༦ 05 13 ལྷག་པ། སྔ་དགོང་ཆོས་ར། 
༢༢ ༢༧ 05 14 ཕུར་བུ། སྔ་དགོང་ཆོས་ར། 
༢༣ ༢༨ 05 15 པ་སངས། གསོ་སྦྱོང་། དུས་བཟང་ཆེན་མོ། 
༢༤ ༣༠ 05 16 སྤེན་པ། སྔ་དགོང་ཆོས་ར། 
༢༥ 05 17 ཉི་མ། སྔ་དགོང་ཆོས་ར། 
༢༦ 05 18 ཟླ་བ། རིགས་ཆེ་ཆུང་ཚོགས་ལང་མིང་རྟགས། 
༢༧ 05 19 མིག་དམར། གུང་སེང་།
༢༨ 05 20 ལྷག་པ། སྒྲོལ་འདོན། 
༢༩ 05 21 ཕུར་བུ། སྒྲོལ་འདོན།
༣༠ 05 22 པ་སངས། དཔྱིད་ཆོས་ཆེན་མོ་མར་གྲོལ། ཞོགས་པ།

སེར་བྱེས་དགེ་སྐོས་ནས།

༢༠༢༦-༠༤-༢༠ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Mar ཚེས། 13 རེས་གཟའ། Fri

༢༠༢༦ ལོའི་དཔྱིད་ཆོས་དང་པོའི་མཛད་རིམ།

དྲ་འཇུག་པ།

སེར་བྱེས་མཁས་སྙན་གྲྭ་ཚང་གི་༢༠༢༦ལོའི་དཔྱིད་ཆོས་དང་པོའི་མཛད་རིམ།
ཉིན་གྲངས།བོད་ཟླ།བོད་ཚེས།ཕྱི་ཟླ།ཕྱི་ཚེས།རེས་གཟའ།མཛད་རིམ།
༢༧ 03 15 ཉི་མ། ཆོས་རྒྱུགས།
༢༨ 03 16 ཟླ་བ། དཔྱིད་ཆོས་དང་པོ་ཡར་ཚོགས། དགོང་མོ།
༢༩ 03 17 མིག་དམར། ཚོགས་རམས་དགེ་བཤེས། གསོ་སྦྱོང་།
༣༠ 03 18 ལྷག་པ། ཚོགས་རམས་དགེ་བཤེས་དམ་བཅའ།
03 19 ཕུར་བུ། དགེ་བཤེས་མཛད་སྒོ། གུང་སེང་།
03 20 པ་སངས། གུང་སེང་།
03 21 སྤེན་པ། གུང་སེང་།
03 22 ཉི་མ། ཆོས་འདོན།
03 23 ཟླ་བ། ཆོས་འདོན།
༡༠ 03 24 མིག་དམར། གུང་སེང་།
༡༡ 03 25 ལྷག་པ། ཤིང་སློང་སྐེད་པ།
༡༢ 03 26 ཕུར་བུ། སྔ་དགོང་ཆོས་ར། 
༡༣ 03 27 པ་སངས།  སྔ་དགོང་ཆོས་ར། 
༡༤ ༡༠ 03 28 སྤེན་པ། སྔ་དགོང་ཆོས་ར། 
༡༥ ༡༡ 03 29 ཉི་མ། སྒྲོལ་འདོན།
༡༦ ༡༣ 03 30 ཟླ་བ།  སྒྲོལ་འདོན།
༡༧ ༡༤ 03 31 མིག་དམར།  གུང་སེང་།
༡༨ ༡༥ 04 01 ལྷག་པ། གསོ་སྦྱོང་། དུས་བཟང་།
༡༩ ༡༦ 04 02 ཕུར་བུ། དཔྱིད་ཆོས་དང་པོ་མར་གྲོལ། ཞོགས་པ། 

སེར་བྱེས་དགེ་སྐོས་ནས།

༢༠༢༦-༠༣-༡༣ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

ངོ་ཤོག 1 ནས་ 120