ཁྲིད་གཞུང་། མདོ་སྡེའི་རྒྱན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བཙུན་བྱམས་པ་མགོན་པོ།
བརྗོད་བྱ། གདམས་ངག་གི་ཉམས་ལེན་གནད་བསྡུས་པ།
འཁྲིད་མཁན། དགེ་བཤེས་བློ་བཟང་ལེགས་བཤད།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0782
སྒྲའི་རྣམ་པ། MP3 གྲངས་ཀ 44 ལྗིད་ཚད། 1.38GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་ ༩ ཚེས་ ༡༢ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། སེར་བྱེས་དགེ་བཤེས་བློ་བཟང་ལེགས་བཤད་ནི། ཕྱི་ལོ་༡༩༦༩ ལོར་གཙང་ངམ་རིང་དུ་འཁྲུངས། ༡༩༩༢ ལོར་བཙན་བྱོལ་དུ་འབྱོར། ༡༩༩༣ ལོར་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། ༢༠༠༨ ལོར་དགེ་ལུགས་རྒྱུགས་སྤྲོད་ཕེབས་ནས་ ༢༠༡༤ ལོར་དགེ་བཤེས་ལྷ་རམས་ཀྱི་དམ་འཇོག་གནང་། ༢༠༡༥ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་ཐོག་འགྲིམས་ནས་གསང་སྔགས་ཀྱི་སློབ་གཉེར་གནང་། ད་ལྟར་སེར་བྱེས་མཁས་སྙན་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་བྱེད་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།
ཁྲིད་མཚམས་ཀྱི་དཀར་ཆག ༡ མདོ་སྡེའི་རྒྱན་ལེའུ་བཅུ་དྲུག་པ། དུམ་བུ། ༠༡ ༢ མདོ་སྡེའི་རྒྱན་ལེའུ་བཅུ་བདུན་པ། དུམ་བུ་ ༠༢ ནས་༠༧ བར། ༣ མདོ་སྡེའི་རྒྱན་ལེའུ་བཅུ་བརྒྱད་པ། དུམ་བུ། ༠༨ ནས་༡༥ བར། ༤ མདོ་སྡེའི་རྒྱན་ལེའུ་བཅུ་དགུ་པ། དུམ་བུ། ༡༦ ནས་༢༧ བར། ༥ མདོ་སྡེའི་རྒྱན་ལེའུ་ཉི་ཤུ་པ། དུམ་བུ། ༢༨ ནས་༣༨ བར། ༦ མདོ་སྡེའི་རྒྱན་ལེའུ་ཉེར་གཅིག་པ། དུམ་བུ། ༣༩ ནས་༤༤ བར། |
ཁྲིད་གཞུང་། དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་མ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
བརྗོད་བྱ། དགེ་ཚུལ་གྱི་ཉམས་སུ་བླང་བར་བྱ་བ།
འཁྲིད་མཁན། དགེ་བཤེས་ངག་དབང་ཐོགས་མེད།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0781
སྒྲའི་རྣམ་པ། MP3 གྲངས་ཀ 4 ལྗིད་ཚད། 167.2MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་ ༡༡ ཚེས་ ༠༢ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ངག་དབང་ཐོགས་མེད་མཆོག་ནི། ཕྱི་ལོ་ ༡༩༦༨ ལོར་མདོ་ཁམས་ནགས་ཤོད་འབྲི་རུ་ཀོ་ན་གྲོང་དུ་ཡབ་བྱམས་པ་ཡར་འཕེལ་དང་ཡུམ་སྐྱིད་དལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལྟར་སྨོན་དགོན་དུ་ཆོས་ཞུགས་གནང་ནས་དགོན་དེའི་ཆོ་ག་ཕྱག་ལེན་བཅས་པ་ཞིབ་པར་སྦྱངས། ༡༩༩༣ ལོར་བཙན་བྱོལ་དུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གི་དབུས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་ཞབས་ཟུང་སྤྱི་བོས་མཆོད་ཅིང་གཞུང་ཆེན་ཁག་ལ་གསན་བསམ་སློབ་གཉེར་ཚུལ་བཞིན་གནང་བའི་འབྲས་རྟགས་སུ། ཟུར་གསར་འཛིན་གྲྭའི་སྐབས་རིགས་ཆུང་ཨང་དང་པོའི་མཚན་གནས་བཞེས། དབུ་གསར་འཛིན་གྲྭའི་སྐབས་དོན་གཉེར་ཅན་དུ་མས་བསྐུལ་བ་མ་ཟད་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་བཀའ་བཞིན་བློ་གསལ་དོན་གཉེར་ཅན་རྣམས་ལ་དཔེ་ཁྲིད་དབུ་འཛུགས་གནང་། འདུལ་བ་འཛིན་གྲྭའི་སྐབས་གདན་ས་གསུམ་གྱི་མཁས་མང་འདུས་པའི་དབུས་སུ་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་འཇོག་གནང་མཛད། ༢༠༠༩ ནས་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས། ལྷ་རམས་ལོ་རིམ་གཉིས་ལ་རྩེ་ཕུད་ཨང་དང་པོ་དང་། གཉིས་པའི་མཚན་གནས་ཀྱང་བཞེས། ༢༠༡༤ ལོར་སེ་ར་ཚོགས་ཆེན་དུ་རིགས་ཆེན་ཚོགས་ལངས་དང་། ལོ་དེར་ལྷ་རམས་དགེ་བཤེས་ཀྱི་དམ་འཇོག་གནང་ཞིང་ལྷ་ལྡན་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད། ༢༠༡༥ ལོ་སར་ཚེས་གཅིག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཀར་སྤྲོའི་ཚོགས་ལངས་མཛད་ཅིང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམས། སྔགས་ཀྱི་རྩོད་འགྲན་རྩེ་ཕུད་ཨང་གཉིས་པའི་མཚན་གནས་བཞེས། དེ་ནས་སླར་ཡང་གདན་སར་ཕེབས་ནས་སྔར་བཞིན་སློབ་གཉེར་བ་རྣམས་ལ་གཞུང་ཆེན་ཁག་ལ་དཔེ་ཁྲིད་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
ཕར་ཕྱིན་བགྲོ་གླེང་ཆེན་མོ་ཐེངས་དང་པོ་ཚུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བོད་རྒྱལ་ལོ་༢༡༥༡ བོད་ཟླ་༨ ཚེས་༡༤ དང་། ཕྱི་ལོ་༢༠༢༤ ཟླ་བ་༡༠ ཚེས་༡༦ ཉིན་བྱེས་ཀྱི་གདན་ས་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་གླིང་གི་ཁྱབ་ཁོངས་སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙུག་ལག་ཁང་དུ་ྋསྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གི་དབུས་པའི་མཁན་ལས་ཟུར་རྣམས་དང་། མཚུངས་མེད་བསྟན་པའི་གསལ་བྱེད་དཔེ་ཁྲིད་དགེ་རྒན་རྣམ་པ། དེ་བཞིན་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་འདུས་ཚོགས་དམངས་དང་བཅས་པ་གདན་འཛོམས་པའི་ཐོག འཇམ་དབྱངས་མི་ཡི་རྣམ་རོལ་ལུང་དང་རིགས་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་ཕར་ཕྱིན་ཐོག་ཉིན་འཁྱོངས་གཅིག་གི་བགྲོ་གླེང་ལྷུག་པོར་གནང་བས་འདི་ཕྱི་ཀུན་ཏུ་དགེ་བའི་དོན་བཟང་འགྱུར་བར་སྨོན། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ཕྱི་ལོ་༢༠༢༤ཟླ་༡༠ཚེས་༡༧ལ།
ལམ་རིམ་ཆེན་མོའི་གསུང་ཆོས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་ཚང་སོ་སོའི་ཁྱབ་ཁོངས་ཀྱི་མཁན་པོ་སོ་སོའི་ལས་ཡུན་རིང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིན་ཆེན་མོའི་བཀའ་ཆོས་གནང་དགོས་པའི་བཀའ་བཞེད་ལམ་སྟོན་ཕེབས་དོན་བཞིན། ཕྱི་ལོ་༢༠༢༤ཟླ་༩ཚེས་༢༦དང་བོད་ཟླ་༧ཚེས་༢༤ནས་ཉིས་ཤས་ཀྱི་རིང་འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་གི་ྋསྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་དགེ་བཤེས་བཀྲ་ཤིས་ཚེ་ཐར་དཔལ་བཟང་པོ་མཆོག་ནས་འདུས་མང་ཡོངས་ལ་ཆོས་ཐོག་གི་སྐབས་མཚམས་རྣམས་སུ་སྔ་དྲོའི་ཆོས་ར་དང་བསྟུན་ནས་ལམ་རིན་ཆེན་མོའི་གསུང་ཆོས་གནང་བར་མཛད།
རྗེ་བཙུན་ཆོས་རྒྱན་གྱི་རྣམ་ཐར་ཕྱོགས་བསྒྲིགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། པཎ་ཆེན་བདེ་ལེགས་ཉི་མ་སོགས།
བརྗོད་བྱ། རྣམ་པར་ཐར་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0467
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 117 ལྗིད་ཚད། 1MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ལོའི་ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔེ་དེབ་འདིའི་ཁོངས་སུ་སེར་བྱེས་མཁན་རབས་དགུ་པ་པཎ་ཆེན་བདེ་ལེགས་ཉི་མ་མཆོག་གིས་བརྩམས་གནང་བའི་རྗེ་བཙུན་པའི་རྣམ་ཐར་དངོས་གྲུབ་ཆར་འབེབས་དང་། དཔལ་འབྱོར་བསོད་ནམས་ལྷུན་གྲུབ་མཆོག་གིས་བརྩམས་གནང་བའི་རྗེ་བཙུན་པའི་རྣམ་ཐར་གསོལ་འདེབས། ཤར་གྲུབ་དབང་སྐལ་ལྡན་རྒྱ་མཚོ་མཆོག་གིས་བརྩམས་གནང་བའི་རྗེ་བཙུན་པའི་རྣམ་ཐར་ཚིགས་བཅད་མ་དང་ཚིག་ལྷུག་བཅས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་པོའི་རྣམ་པར་ཐར་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བཅས་བཞུགས་ཡོད།
༢༠༢༤ ལོའི་སྟོན་ཆོས་གཉིས་པའི་མཛད་རིམ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།གསལ་བཤད། གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་མཆོག་གིས་ཆོས་རའི་མཛད་རིམ་གསལ་བསྒྲགས་བསྐྱངས་པ་གཞི་བཟུང་ནས། སློབ་གཉེར་བ་རྣམས་ཀྱིས་དྲ་ཐོག་ནས་གཟིགས་བདེ་བའི་ཆེད་དུ་བཟོ་སྒྲིག་བྱེད་བཞིན་ཡོད། གལ་ཏེ་ལས་སྣེ་གོང་མས་གསལ་བསྒྲགས་མ་གནང་ཚེ་འདི་ནས་ཀྱང་བཟོ་སྒྲིག་བྱེད་ཀྱི་མེད་པས་དེ་ལུགས་དགོངས་འཇགས་ཞུ།
སེར་བྱེས་མཁས་སྙན་གྲྭ་ཚང་གི་སྟོན་ཆོས་གཉིས་པའི་ཆོས་རའི་མཛད་རིམ། | |||||
---|---|---|---|---|---|
བོད་ཟླ། | བོད་ཚེས། | ཕྱི་ཟླ། | ཕྱི་ཚེས། | རེས་གཟའ། | ཉིན་རེའི་མཛད་རིམ། |
༠༨ | ༠༧ | 10 | 09 | ལྷག་པ། | ཆོས་རྒྱུགས། |
༠༨ | ༠༨ | 10 | 10 | ཕུར་བུ། | ཆོས་ར་ཡར་ཚོགས། |
༠༨ | ༠༩ | 10 | 11 | པ་སངས། | ཤིང་སློང་། |
༠༨ | ༡༠ | 10 | 12 | སྤེན་པ། | ཤིང་སློང་། |
༠༨ | ༡༡ | 10 | 13 | ཉི་མ། | ཆོས་འདོན། |
༠༨ | ༡༢ | 10 | 14 | ཟླ་བ། | ཆོས་འདོན། |
༠༨ | ༡༣ | 10 | 15 | མིག་དམར། | གུང་སེང་། |
༠༨ | ༡༤ | 10 | 16 | ལྷག་པ། | བགྲོ་གླེང་ཆེན་མོ། |
༠༨ | ༡༥ | 10 | 17 | ཕུར་བུ། | སྔ་དགོང་ཆོས་ར། གསོ་སྦྱོང་། |
༠༨ | ༡༦ | 10 | 18 | པ་སངས། | སྔ་དགོང་ཆོས་ར། |
༠༨ | ༡༧ | 10 | 19 | སྤེན་པ། | སྔ་དགོང་ཆོས་ར། |
༠༨ | ༡༨ | 10 | 20 | ཉི་མ། | སྔ་དགོང་ཆོས་ར། |
༠༨ | ༡༩ | 10 | 21 | ཟླ་བ། | སྔ་དགོང་ཆོས་ར། |
༠༨ | ༢༡ | 10 | 22 | མིག་དམར། | གུང་སེང་། |
༠༨ | ༢༢ | 10 | 23 | ལྷག་པ། | སྔ་དགོང་ཆོས་ར། |
༠༨ | ༢༣ | 10 | 24 | ཕུར་བུ། | སྔ་དགོང་ཆོས་ར། |
༠༨ | ༢༤ | 10 | 25 | པ་སངས། | སྔ་དགོང་ཆོས་ར། |
༠༨ | ༢༥ | 10 | 26 | སྤེན་པ། | སྔ་དགོང་ཆོས་ར། |
༠༨ | ༢༦ | 10 | 27 | ཉི་མ། | སྔ་དགོང་ཆོས་ར། |
༠༨ | ༢༦ | 10 | 28 | ཟླ་བ། | སྔ་དགོང་ཆོས་ར། |
༠༨ | ༢༧ | 10 | 29 | མིག་དམར། | གུང་སེང་། |
༠༨ | ༢༨ | 10 | 30 | ལྷག་པ། | སྔ་དགོང་ཆོས་ར། |
༠༨ | ༢༩ | 10 | 31 | ཕུར་བུ། | སྔ་དགོང་ཆོས་ར། |
༠༨ | ༣༠ | 11 | 01 | པ་སངས། | དུས་བཟང་ཆེན་མོ། གསོ་སྦྱོང་། |
༠༩ | ༠༡ | 11 | 02 | སྤེན་པ། | སྔ་དགོང་ཆོས་ར། |
༠༩ | ༠༢ | 11 | 03 | ཉི་མ། | སྔ་དགོང་ཆོས་ར། |
༠༩ | ༠༣ | 11 | 04 | ཟླ་བ། | སྔ་དགོང་ཆོས་ར། |
༠༩ | ༠༤ | 11 | 05 | མིག་དམར། | གུང་སེང་། |
༠༩ | ༠༥ | 11 | 06 | ལྷག་པ། | ཞོགས་ཆོས་སྒྲོལ་འདོན། |
༠༩ | ༠༦ | 11 | 07 | ཕུར་བུ། | ཞོགས་ཆོས་སྒྲོལ་འདོན། |
༠༩ | ༠༧ | 11 | 08 | པ་སངས། | ཆོས་ར་མར་གྲོལ། |
༢༠༢༤-༡༠-༠༩ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། སྒྲིག་བཟོ་བ། དགེ་བཤེས་སྐལ་བཟང་ཐར་འདོད། |
ཁྲིད་གཞུང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། བྱང་ཆུབ་སེམས་སེམས་དཔའ་ཀུན་ཏུ་བཟང་པོ།
བརྗོད་བྱ། འཕགས་པ་ཀུན་ཏུ་བཟང་པོའི་སྨོན་ལམ།
འཁྲིད་མཁན། སེར་བྱེས་དགེ་བཤེས་ཐུབ་བསྟན་བསམ་གྲུབ།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0780
སྒྲའི་རྣམ་པ། MP3 གྲངས་ཀ 19 ལྗིད་ཚད། 517MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་ ༩ ཚེས་ ༣༠ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། སེར་བྱེས་དགེ་བཤེས་ཐུབ་བསྟན་བསམ་འགྲུབ་བམ་སྒོམ་སྡེ་ལྷ་རམས་པ་ནི། ཕྱི་ལོ་༡༩༥༨ལོར་བོད་དུ་འཁྲུངས་ཤིང་། ༥༩ ལོར་འཕགས་ཡུལ་དུ་འབྱོར། ༡༩༧༢ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། རིགས་ཆེ་ཆུང་གི་ཚོགས་ལངས་དང་། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༣ ལོར་ལྷ་རམས་པའི་གྲྭ་སྐོར་དང་དམ་འཇོག །དེ་རྗེས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གནང་། སེར་བྱེས་གྲྭ་ཚང་གི་སློབ་གཉེར་དགེ་རྒན་ཡང་གནང་། བརྩམས་ཆོས་ཀྱང་སྒོམ་སྡེ་ཚིག་མཛོད་ཆེན་མོས་གཙོས་གང་མང་ཞིག་ཡོད། དེང་སྐབས་ཕྱི་རྒྱལ་དུ་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ། །
བཀའ་གདམས་སྐྱེས་བུ་རྣམས་ཀྱི་གསུང་སྒྲོས་ཐོར་བུ་སོགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། བཀའ་གདམས་པའི་སྐྱེས་བུ་རྣམས།
བརྗོད་བྱ། བློ་སྦྱོང་བའི་ཐབས་སྣ་ཚོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0466
ཡིག་ཆའི་རྣམ་པ། PDF པར་གཞི། ལྷ་སའི་འཕྲུལ་པར་ལ་གཞི་བཅོལ།
ཤོག་གྲངས། 113 ལྗིད་ཚད། 983KB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༤ ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། བཀའ་གདམས་སྐྱེས་བུ་རྣམས་ཀྱི་གསུང་སྒྲོས་ཐོར་བུ། བཀའ་གདམས་དགེ་བཤེས་ཁ་རག་སྒོམ་ཆུང་གིས་མཛད་པའི་བློ་སྦྱོང་ཨང་ཡིག་བདུན་ཅུ་པ། བདག་ཉིད་ཆེན་པོ་སྐྱེས་མཆོག་པོ་ཏོ་བའི་ཆིག་ལབ་རིང་པོ་དང་། རྣམ་ཐིག་དང་གནས་ཐིག་བཅས། ཆོས་རྗེ་བྱང་ཆུབ་འོད་ཀྱི་ཞལ་གདམས། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ། བཀའ་གདམས་དགེ་བཤེས་གླང་ཐང་པའི་བློ་སྦྱོང་ཚིག་བརྒྱད་མ། བཀའ་གདམས་གླེགས་བམ་རིན་པོ་ཆེའི་རྩ་ཚིག་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་བཅས་བཞུགས་ཡོད།
༢༠༢༤ ལོའི་སྟོན་ཆོས་དང་པོའི་མཛད་རིམ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།གསལ་བཤད། གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་མཆོག་གིས་ཆོས་རའི་མཛད་རིམ་གསལ་བསྒྲགས་བསྐྱངས་པ་གཞི་བཟུང་ནས། སློབ་གཉེར་བ་རྣམས་ཀྱིས་དྲ་ཐོག་ནས་གཟིགས་བདེ་བའི་ཆེད་དུ་བཟོ་སྒྲིག་བྱེད་བཞིན་ཡོད། གལ་ཏེ་ལས་སྣེ་གོང་མས་གསལ་བསྒྲགས་མ་གནང་ཚེ་འདི་ནས་ཀྱང་བཟོ་སྒྲིག་བྱེད་ཀྱི་མེད་པས་དེ་ལུགས་དགོངས་འཇགས་ཞུ།
སེར་བྱེས་མཁས་སྙན་གྲྭ་ཚང་གི་སྟོན་ཆོས་དང་པོའི་ཆོས་རའི་མཛད་རིམ། | |||||
---|---|---|---|---|---|
བོད་ཟླ། | བོད་ཚེས། | ཕྱི་ཟླ། | ཕྱི་ཚེས། | རེས་གཟའ། | ཉིན་རེའི་མཛད་རིམ། |
༠༧ | ༡༥ | 09 | 18 | ལྷག་པ། | ཆོས་རྒྱུགས། གསོ་སྦྱོང་། |
༠༧ | ༡༧ | 09 | 19 | ཕུར་བུ། | ཆོས་ར་ཡར་ཚོགས། (དགོང་མོ།) |
༠༧ | ༡༨ | 09 | 20 | པ་སངས། | ཤིང་སློང་། |
༠༧ | ༡༩ | 09 | 21 | སྤེན་པ། | ཤིང་སློང་། |
༠༧ | ༢༠ | 09 | 22 | ཉི་མ། | དགོང་མོ་ཆོས་ར། |
༠༧ | ༢༡ | 09 | 23 | ཟླ་བ། | ཆོས་འདོན། |
༠༧ | ༢༢ | 09 | 24 | མིག་དམར། | གུང་སེང་། |
༠༧ | ༢༣ | 09 | 25 | ལྷག་པ། | སྔ་དགོང་ཆོས་ར། |
༠༧ | ༢༤ | 09 | 26 | ཕུར་བུ། | སྔ་དགོང་ཆོས་ར། |
༠༧ | ༢༥ | 09 | 27 | པ་སངས། | དུས་བཟང་། |
༠༧ | ༢༦ | 09 | 28 | སྤེན་པ། | སྒྲོལ་འདོན། |
༠༧ | ༢༧ | 09 | 29 | ཉི་མ། | སྒྲོལ་འདོན། |
༠༧ | ༢༨ | 09 | 30 | ཟླ་བ། | ཆོས་ར་མར་གྲོལ། (དགོང་མོ་ཁང་ཚན་སོ་སོ་ནས་བསླབ་བྱ།) |
༢༠༢༤-༠༩-༡༥ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། སྒྲིག་བཟོ་བ། དགེ་བཤེས་སྐལ་བཟང་ཐར་འདོད། |
ཕར་ཕྱིན་སྐབས་བཞི་པའི་བསྡུས་དོན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། དོན་མངོན་པར་རྟོགས་པའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0465
ཡིག་ཆའི་རྣམ་པ། PDF པར་གཞི། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 65 ལྗིད་ཚད། 609KB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༤ ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། ༡༧༦༢ ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། དགུང་ལོ་ལྔའི་སྐབས་གུང་ཐང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྐབས་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་སྒོར་ཞུགས་ཤིང་། ལོ་ལྔའི་རིང་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་སློབ་གཉེར་ལ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་གསར་ནས་དབུ་ཚུགས་ཏེ། ལོ་དགུའི་རིང་གཞུང་ཆེན་སློབ་གཉེར་དང་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་གི་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་ཞུས། དབུས་སུ་བཞུགས་རིང་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་ཞིག་གསན། དགུང་ལོ་ཉེར་ལྔའི་སྐབས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་སོ་གཅིག་གི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། མདོ་སྨད་ཀྱི་ཆོས་སྡེ་མང་པོར་ཆོས་རྒྱུན་འཆད་སྤེལ་སོགས་གནང་། སློབ་མ་ལ་སྐྱེས་ཆེན་དམ་པ་མང་པོ་བྱུང་། ༡༨༢༣ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་བརྒྱད་བཞུགས།
དེ་ལས་མང་བ།...
ཁྲིད་གཞུང་། དྲང་ངེས་ལེགས་བཤད་སྙིང་པོ་སེམས་ཙམ་པ། [ཙ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧ - ༡༤༡༩
བརྗོད་བྱ། སེམས་ཙམ་པའི་སྐོར།
འཁྲིད་མཁན། དགེ་བཤེས་བློ་བཟང་ལེགས་བཤད།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0779
སྒྲའི་རྣམ་པ། MP3 གྲངས་ཀ 35 ལྗིད་ཚད། 2.1GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་ ༩ ཚེས་ ༡༢ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། སེར་བྱེས་དགེ་བཤེས་བློ་བཟང་ལེགས་བཤད་ནི། ཕྱི་ལོ་༡༩༦༩ ལོར་གཙང་ངམ་རིང་དུ་འཁྲུངས། ༡༩༩༢ ལོར་བཙན་བྱོལ་དུ་འབྱོར། ༡༩༩༣ ལོར་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། ༢༠༠༨ ལོར་དགེ་ལུགས་རྒྱུགས་སྤྲོད་ཕེབས་ནས་ ༢༠༡༤ ལོར་དགེ་བཤེས་ལྷ་རམས་ཀྱི་དམ་འཇོག་གནང་། ༢༠༡༥ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་ཐོག་འགྲིམས་ནས་གསང་སྔགས་ཀྱི་སློབ་གཉེར་གནང་། ད་ལྟར་སེར་བྱེས་མཁས་སྙན་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་བྱེད་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།
ཁྲིད་མཚམས་ཀྱི་དཀར་ཆག ༡ དྲང་ངེས་མཆོད་བརྗོད། དུམ་བུ། ༠༡ ནས་༠༥ བར། ༢ དྲང་ངེས་མདོ་སྡེ་ནས་ཇི་ལྟར་གསུངས་པ་དགོད་པ། དུམ་བུ་ ༠༦ ནས་༠༨ བར། ༣ དྲང་ངེས་འགལ་བ་དེ་སྤོང་གི་ལན། དུམ་བུ། ༠༩ ནས་༡༦ བར། ༤ དྲང་ངེས་ངོ་བོ་ཉིད་གསུམ་གྱི་ངོ་བོར་ངོས་བཟུང་བ། དུམ་བུ། ༡༧ ནས་༢༠ བར། ༥ དྲང་ངེས་གྲུབ་དོན། དུམ་བུ། ༢༡ ནས་༢༥ བར། ༦ དྲང་ངེས་བྱང་སའི་སྒྲོ་སྐུར། དུམ་བུ། ༢༦ ནས་༣༡ བར། ༧ དྲང་ངེས་བསྡུ་བའི་སྒྲོ་སྐུར། དུམ་བུ། ༣༢ ནས་༣༩ བར། ༨ དྲང་ངེས་མདོ་སྡེ་རྒྱན་ལས་བཤད་ཚུལ། དུམ་བུ། ༤༠ ནས་༤༣ བར། ༩ དྲང་ངེས་དབུས་མཐའ་ལས་བཤད་ཚུལ། དུམ་བུ། ༤༤ ནས་༤༧ བར། ༡༠ དྲང་ངེས་རྣམ་འགྲེལ་ལས་གསུངས་ཚུལ། དུམ་བུ། ༤༨ ནས་༤༩ བར། ༡༡ དྲང་ངེས་དགག་བྱ་སྒྲོ་འདོགས་ངོས་བཟུང་བ། དུམ་བུ། ༥༠ ནས་༥༨ བར། ༡༢ དྲང་ངེས་ཆོས་བདག་འགོག་ཚུལ། དུམ་བུ། ༥༩ ནས་༧༠ བར། ༡༣ དྲང་ངེས་དགོངས་འགྲེལ་དང་འགལ་བའི་རྩོད་སྤོང་། དུམ་བུ། ༧༡ ༡༤ དྲང་ངེས་གནོད་འཇོམས་དང་འགལ་བའི་རྩོད་སྤོང་། དུམ་བུ། ༧༢ ནས་༧༣ བར། ༡༥ དྲང་ངེས་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཚུལ། དུམ་བུ། ༧༤ ནས་༧༥ བར། |
དགེ་ཚུལ་སློང་གི་བསླབ་བྱ་ཆེན་པོ་ཚུགས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཕྱི་ལོ་༢༠༢༤ཟླ་བ་༨ཚེས་༢༨ནས་ཉིན་གྲངས་གསུམ་གྱི་རིང་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ནས་གྲོས་ཆོད་བཞག་པ་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམ་པས། གྲྭ་ཚང་གི་སློབ་གཉེར་བའི་འཛིན་གྲྭ་ཆ་བགོས་ཀྱིས་དགེ་སློང་དང་དགེ་ཚུལ་རྣམས་ལ་བསླབ་བྱ་གནང་རྒྱུའི་མཛད་རིམ་ཞིག་གོ་སྒྲིག་ཞུས། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཐུབ་དབང་ཞལ་ལུང་གི་སྒོ་ནས་དགེ་སློང་རྣམས་ལ་བསླབ་བྱ་གནང་བ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བསླབ་བྱ་གནམ་རྩེང་ལྡེང་མའི་ཐོག་ནས་དགེ་ཚུལ་རྣམས་ལ་བསླབ་བྱ་གནང་ཡོད།
གྲུབ་མཐའ་རྩ་བའི་གསལ་འགྲེལ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།རྩོམ་པ་པོ། རྒན་གྱའི་དཀོན་མཆོག་རྒྱ་མཚོ།
བརྗོད་བྱ། གྲུབ་མཐའ་འི་དགོངས་འགྲེལ།
ཡོང་ཁུངས། འབར་ཞུན་འཕྲུལ་དེབ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0139
ཡིག་ཆའི་རྣམ་པ། PDF ཤོག་གྲངས། 187 ལྗིད་ཚད། 961KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ལོའི་ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
གསལ་བཤད་མདོར་བསྡུས། འཕྲུལ་དེབ་འདིའི་རྩོམ་གྱི་ཡོང་ཁུངས་དེབ་ཏུ་གསལ་བ་ལྟར་དང་། འདི་གའི་དྲ་ཚིགས་སུ་བཀོད་པའི་འཕྲུལ་དེབ་ཀྱི་གྲངས་ཐོ་ལེན་ཕྱིར་ཁ་ཤོག་གི་རྗེས་སུ་ཤོག་ངོས་གཅིག་གསར་སྣོན་བྱས་པ་ལས་གཞན་རྩོམ་ཡིག་ལ་བཟོ་བཅོས་དང་འཕྲི་སྣོན་གང་ཡང་བྱས་མེད་པར་རང་སོར་བཞག་ཡོད།
བྱོལ་སོང་གི་གཞིས་ཀ
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རྩོམ་པ་པོ། འཇོར་ཇི་ཨོར་ཝེལ།
བརྗོད་བྱ། སྲིད་དབང་གཅིག་སྡུད་ལ་ཟུར་ཟ་ཐེར་འདོན་སྐོར།
ཡོང་ཁུངས། འབར་ཞུན་འཕྲུལ་དེབ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0329
ཡིག་ཆའི་རྣམ་པ། PDF ཤོག་གྲངས། 170 ལྗིད་ཚད། 930KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ལོའི་ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
གསལ་བཤད་མདོར་བསྡུས། འཕྲུལ་དེབ་འདིའི་རྩོམ་གྱི་ཡོང་ཁུངས་དེབ་ཏུ་གསལ་བ་ལྟར་དང་། འདི་གའི་དྲ་ཚིགས་སུ་བཀོད་པའི་འཕྲུལ་དེབ་ཀྱི་གྲངས་ཐོ་ལེན་ཕྱིར་ཁ་ཤོག་གི་རྗེས་སུ་ཤོག་ངོས་གཅིག་གསར་སྣོན་བྱས་པ་ལས་གཞན་རྩོམ་ཡིག་ལ་བཟོ་བཅོས་དང་འཕྲི་སྣོན་གང་ཡང་བྱས་མེད་པར་རང་སོར་བཞག་ཡོད།