དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 29 རེས་གཟའ། Fri

རྒྱུད་བླ་མའི་མཆན་འགྲེལ།

དྲ་འཇུག་པ།

sjrb-0436མཛད་པ་པོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
བརྗོད་བྱ།
རྡོ་རྗེའི་གནས་བདུན་སོགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0436
ཡིག་ཆའི་རྣམ་པ།
PDF
མ་ཕྱིའི་པར་རྩ།
འཇམ་དབྱངས་དྷཱི་ཡིག་སེར་པོའི་དཔེ་སྐྲུན་ཁང་གི་དེབ།
ཤོག་གྲངས།
167 ལྗིད་ཚད། 1.7MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་ཞེས་བྱ་བ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པ་ཡིན་ལ། འདིའི་བརྗོད་བྱ་ནི། རྒྱུད་བླ་མ་རང་ལས། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་གསུངས་པ་ལྟར་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཁམས་དང་། བྱང་ཆུབ་དང་། ཡོན་ཏན་དང་། ཕྲིན་ལས་ཏེ་རྡོརྗེའི་གནས་བདུན་པོ་དེ་དག་རྩལ་དུ་བཏོན་ནས་འཆད་པ་ཡིན་ནོ།།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 24 རེས་གཟའ། Sun

སྒོམ་རིམ་གསུམ་གྱི་རོང་འགྲེལ།

དྲ་འཇུག་པ།

sjrb-0435མཛད་པ་པོ། རོང་སྟོན་ཤཱཀྱ་རྒྱལ་མཚན།
བརྗོད་བྱ།
བྱང་ཆུབ་ཀྱི་ལམ་སྒོམ་པའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0435
ཡིག་ཆའི་རྣམ་པ།
PDF
མ་ཕྱིའི་པར་རྩ།
ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་དཔེ་རིང་།
ཤོག་གྲངས།
358 ལྗིད་ཚད། 2.6MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་གསུམ་གྱི་འགྲེལ་པ་བོད་ཀྱི་མཁས་པ་རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པ་ལགས་སོ།།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 21 རེས་གཟའ། Thu

སྡེ་བདུན་རབ་གསལ།

དྲ་འཇུག་པ།

sjrb-0434མཛད་པ་པོ། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམ་སེངྒེ།
བརྗོད་བྱ།
ཚད་མ་རིགས་གཏེར་གྱི་སྙིང་དོན།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0434
ཡིག་ཆའི་རྣམ་པ།
PDF མ་ཕྱིའི་པར་རྩ། རྫོང་སར་བཤད་གྲྭའི་དཔེ་རིང་།
ཤོག་གྲངས།
657 ལྗིད་ཚད། 3.9
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་རུ། བོད་གངས་ཅན་གྱི་མཁས་པའི་ཁྱུ་མཆོག་ཆོས་རྗེ་ས་སྐྱ་པཎྜི་ཏས་ཕྱོགས་གླང་ཡབ་སྲས་ཀྱིས་མཛད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་ཕྱོགས་གཅིག་ཏུ་བསྡུས་ཏེ་རབ་ཏུ་བྱེད་པ་བཅུ་གཅིག་གིས་འགྲེལ་པ། ཚད་མ་རིགས་པའི་གཏེར་གྱི་སྙིང་པོའི་དོན་རྣམས་ས་བཅད་ཆེན་པོ་གསུམ་གྱི་སྒོ་ནས་འཆད་ཅིང་། སྔ་རབས་པའི་འདོད་པ་ཁག་ཅིག་ལེགས་པར་བཀག་ཅིང་། རང་ལུགས་འཁྲུལ་བ་མེད་པ་རྒྱས་ཤིང་གསལ་པོར་བསྟན་པའི་གཞུང་། ཚད་མ་རིགས་པའི་གཏེར་གྱི་དཀའ་བའི་གནས་རྣམ་པར་བཤད་པ་སྡེ་བདུན་རབ་གསལ་ཞེས་བྱ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པ་བཞུགས་སོ། །

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 20 རེས་གཟའ། Wed

ས་སྡེ་ལྔ་སྨད་ཆ།

དྲ་འཇུག་པ།

sjrb-0433མཛད་པ་པོ། འཕགས་པ་ཐོགས་མེད།
བརྗོད་བྱ།
སེམས་ཙམ་པའི་ལུགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0433
ཡིག་ཆའི་རྣམ་པ།
PDF མ་ཕྱིའི་པར་རྩ། སྡེ་དགེའི་ཤིང་པར།
ཤོག་གྲངས།
868 ལྗིད་ཚད། 4.9MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་སྟེ། ཇི་སྐད་དུ། ས་སྡེ་ལྔ་ནི་ས་ཡི་དངོས་གཞི་དང་། དེའི་དོན་འགྲེལ་ལྟ་བུ་རྣམ་པར་གཏན་ལ་དབབ་པ་བསྡུ་བ། དེ་དག་སྡེ་སྣོད་གསུམ་དུ་བསྡུ་ཚུལ་སྟོན་པ་གཞི་བསྡུ་བ། ཀུན་ཉོན་དང་རྣམ་བྱང་གི་རྣམ་གྲངས་བྱེ་བྲག་ཏུ་སྟོན་པ་རྣམ་གྲངས་བསྡུ་བ། དེ་འཆད་ཚུལ་སྟོན་པ་རྣམ་པར་བཤད་པའི་སྒོ་བསྡུ་བ་ལྔའོ། །ཞེས་པ་ལྟར་གྱི་ས་སྡེ་ལྔ་དགེའི་བསྟན་འགྱུར་གྱི་ཤིང་པར་གཞིར་བཟུང་ནས་བསྒྲིགས་པ་ཡིན་ལ། སྨད་ཆ་འདིའི་ནང་དུ་གཏན་ལ་དབབ་པ་བསྡུ་བའི་སྨད་ཀྱི་བམ་པོ་སོ་དྲུག་པ་སོགས་བམ་པོ་ལྷག་མ་བརྒྱད་དང་། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་བཅས་བཅས་མཉམ་དུ་བསྡུས་ཡོད།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 20 རེས་གཟའ། Wed

ས་སྡེ་ལྔ་སྟོད་ཆ།

དྲ་འཇུག་པ།

sjrb-0432མཛད་པ་པོ། འཕགས་པ་ཐོགས་མེད།
བརྗོད་བྱ།
སེམས་ཙམ་པའི་ལུགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0432
ཡིག་ཆའི་རྣམ་པ།
PDF མ་ཕྱིའི་པར་རྩ། སྡེ་དགེའི་ཤིང་པར།
ཤོག་གྲངས།
842 ལྗིད་ཚད། 4.6MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་སྟེ། ཇི་སྐད་དུ། ས་སྡེ་ལྔ་ནི་ས་ཡི་དངོས་གཞི་དང་། དེའི་དོན་འགྲེལ་ལྟ་བུ་རྣམ་པར་གཏན་ལ་དབབ་པ་བསྡུ་བ། དེ་དག་སྡེ་སྣོད་གསུམ་དུ་བསྡུ་ཚུལ་སྟོན་པ་གཞི་བསྡུ་བ། ཀུན་ཉོན་དང་རྣམ་བྱང་གི་རྣམ་གྲངས་བྱེ་བྲག་ཏུ་སྟོན་པ་རྣམ་གྲངས་བསྡུ་བ། དེ་འཆད་ཚུལ་སྟོན་པ་རྣམ་པར་བཤད་པའི་སྒོ་བསྡུ་བ་ལྔའོ། །ཞེས་པ་ལྟར་གྱི་ས་སྡེ་ལྔ་དགེའི་བསྟན་འགྱུར་གྱི་ཤིང་པར་གཞིར་བཟུང་ནས་བསྒྲིགས་པ་ཡིན་ལ། སྟོད་ཆ་འདིའི་ནང་དུ་སའི་དངོས་གཞི་དང་། གཏན་པ་དབབ་པ་བསྡུ་བའི་སྟོད་ཆ་བམ་པོ་སོ་ལྔ་མཉམ་དུ་བསྡུས་ཡོད།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 06 རེས་གཟའ། Wed

སྒྲོལ་མ་ཙིཏྟ་མ་ཎིའི་ལས་ཚོགས།

དྲ་འཇུག་པ།

sjrb-0429མཛད་པ་པོ། སྟག་ཕུ་གར་གྱི་དབང་པོ་སོགས།
བརྗོད་བྱ།
 སྒྲོལ་མའི་ལས་ཚོགས་སྐོར།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0429
ཡིག་ཆའི་རྣམ་པ།
PDF མ་ཕྱིའི་པར་རྩ། ཤེས་རིག་པར་འཕྲུལ་པར།
ཤོག་གྲངས།
391 ལྗིད་ཚད། 2.9MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སྒྲོལ་མ་ཙིཏྟ་མ་ཎིའི་ཆོས་སྐོར་འདི་ནི། རྗེའི་དངོས་སློབ་གོ་ཤྲཱི་དཔལ་ལྡན་དོན་གྲུབ་ནས་བརྒྱུད་པའི་ནགས་ཤོད་སྟག་ཕུ་བའི་སྐྱེ་བའི་ཕྲེང་འཛིན་པ་བློ་གྲོས་རྒྱ་མཚོའམ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རྗེ་བཙུན་མ་ལྷག་པའི་ལྷ་མཆོག་ཡི་དམ་དུ་བསྟེན་པར་མཛད་པས། ཞལ་མཇལ་དང་གསུང་གི་སྣང་བ་གསལ་པོ་བྱུང་། དེའི་ཡང་སྤྲུལ་བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་གར་གྱི་དབང་པོས་ཀྱང་འདིའི་ཆོས་སྐོར་རྣམས་རྗེ་བཙུན་སྒྲོལ་མ་ཉིད་ཀྱིས་མི་དང་མི་འཕྲད་པ་བཞིན་བསྐྱེད་རྫོགས་ཀྱི་ཟབ་ཆོས་མང་དུ་གསན་ཞིང་། རྗེ་བཙུན་མ་ཉིད་ཀྱི་ཞལ་གསུང་ཤ་སྟག་ཡིན་པར་བརྟེན་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། ཙིཏྟ་མ་ཎིའི་ཆོས་སྐོར་འདིའི་ཟབ་གནད་རྣམས་ཀྱང་རྗེ་བདག་ཉིད་ཆེན་པོའི་དགོངས་གཞི་དང་མཐུན་ཞིང་། བོད་ཀྱི་མཐའ་དབུས་ཡུལ་གྲུ་ཀུན་ཏུ་སྐྱེས་ཆེན་དམ་པ་མང་པོས་ཐུགས་དམ་ཉམས་བཞེས་དང་། ལྷག་པར་དུ་དགེ་ལྡན་པའི་སྐྱེས་ཆེན་དག་གིས་ཕྱག་ལེན་གཙིགས་ཆེར་མཛད། རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས། འདིའི་ཆོས་སྐོར་གྱི་ཡིག་ཆ་དུ་མ་མཛད་དེ། ལས་ཚོགས་འདི་ཉིད་ཕྱོགས་བསྒྲིགས་ཀྱང་མཛད་པ་བཅས་ཡིན།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 06 རེས་གཟའ། Wed

གསང་འདུས་འགྲེལ་པ་སྒྲོན་གསལ།

དྲ་འཇུག་པ།

sjrb-0431མཛད་པ་པོ། སློབ་དཔོན་ཟླ་བ་གྲགས་པ།
བརྗོད་བྱ།
གསང་བ་འདུས་པའི་ལམ་གྱི་གནད།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0431
ཡིག་ཆའི་རྣམ་པ།
PDF མ་ཕྱིའི་པར་རྩ། སྡེ་དགེའི་ཤིང་པར།
ཤོག་གྲངས།
511 ལྗིད་ཚད། 3.3MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་དུ་འདུས་པའི་རིམ་གཉིས་ཀྱི་ཟབ་གནད་རྣམས་བསྟན་པ་ཤིན་ཏུ་རྟོགས་དཀའ་བ་མཐའ་དྲུག་དང་ཚུལ་བཞིའི་བཤད་པའི་སྒོ་ནས་གསལ་བར་མཛད་པའི་འགྲེལ་པ་སྒྲོན་མ་གསལ་བའམ་ཡོངས་གྲགས་སུ་འགྲེལ་པ་སྒྲོན་གསལ་ཞེས་གྲགས་པ་དེ་ཉིད་ཡིན། འདིའི་མཛད་པ་པོ་ནི་དཔལ་ལྡན་ཟླ་བ་གྲགས་པ་ཡིན་ལ། ཁོང་རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས། ལྷོ་ཕྱོགས་ཀྱི་རྒྱུད་དེ་ཉིད་དུ་རབ་ཏུ་བྱུང་། ཆུང་དུས་ནས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། སློབ་དཔོན་ཀླུ་སྒྲུབ་དང་སློབ་དཔོན་སངས་རྒྱས་བསྐྱངས་སོགས་ལས་མདོ་སྔགས་གཉིས་ཆར་སྦྱངས་པ་མཐར་ཕྱིན་པ་མཛད། ན་ལེནྡྲའི་མཁན་པོ་ཡུན་རིང་དུ་མཛད་དེ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། སློབ་མ་གྲགས་ཆེ་བ་རིགས་པའི་ཁུ་བྱུག་ཆེ་བ་སོགས་མང་དུ་བྱུང་། མདོ་སྔགས་གཉིས་ཀྱི་བསྟན་བཅོས་གང་མང་བརྩམས་ཤིང་། བོད་འགྱུར་ལ། མདོ་ཕྱོགས་སྣར་ཐང་བསྟན་འགྱུར་གྱི་ཀྱི་པོད། [འ] [ཡ] གཉིས་དང་། གསང་སྔགས་ཀྱི་སྐོར། སྣར་ཐང་བསྟན་འགྱུར་གྱི་པོད་[ཤ]པ་རྣམས་སུ་བཞུགས།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Feb ཚེས། 29 རེས་གཟའ། Thu

ལཱ་ལི་ཏའི་འཇིགས་བྱེད་སྒྲུབ་ཐབས་ཆེ་ཆུང་།

དྲ་འཇུག་པ།

sjrb-0430མཛད་པ་པོ། གྲུབ་ཆེན་ལཱ་ལི་ཏ་བཛྲ།
བརྗོད་བྱ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0430
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། སྡེ་དགེའི་ཤིང་པར།
ཤོག་གྲངས། 33 ལྗིད་ཚད། 899KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིར་དཔལ་ན་ལེནྡྲའི་པཎྜི་ཏ་གྲུབ་ཆེན་ལཱ་ལི་ཏ་བཛྲས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཆེ་ཆུང་གཉིས་གཏོར་མའི་ཆོ་ག་བཅས་བཞུགས་ཡོད་ལ་འདིའི་བྱུང་རིམ་ནི། གྲུབ་ཆེན་ལཱ་ལི་ཏས་འཇམ་དཔལ་མཚན་བརྗོད་ཞལ་འདོན་མཛད་པའི་ཚེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་དང༌། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པ་རྣམས་ཀྱི་དོན་ལ་བསམས་ནས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཡོད་པར་བསམས་ནས་འཕགས་ཡུལ་དུ་རྩད་གཅོད་མཛད་ཀྱང་སྐབས་དེར་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་འཕགས་ཡུལ་དུ་མ་བཞུགས་པས་མ་རྙེད། ཕྱིས་སུ་ཨྱོན་གྱི་ཡུལ་ན་བཞུགས་པར་མཁྱེན་ནས་དཀའ་ཚེགས་ཆེན་པོས་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྗེས་སུ་བཟུང་སྟེ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་དང་གཤིན་རྗེའི་གཤེད་དམར་ནག་གཉིས་ཀྱི་དབང་དང་གདམས་པ་རྣམས་གསན། རྒྱུད་ཀྱི་གླེགས་བམ་གནང་དགོས་པར་གསོལ་བ་བཏབ་པ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྩ་བའི་རྒྱུད་རྒྱས་པ་བསྟན་ཏེ་ཞག་བདུན་གྱི་རིང་ལ་འདིའི་ནང་ནས་གང་བློ་ལ་གཟུང་ཐུབ་པ་རྣམས་ཟུངས། དེ་ལས་མི་ཡོང་ཞེས་རྒྱུད་ཐམས་ཅད་མ་གནང་བ་ན། གྲུབ་ཆེན་གྱིས་ཞག་བདུན་གྱི་རིང་ལ་གླེགས་བམ་ཆེན་པོ་འདི་ནས་མང་པོ་ཞིག་འཛིན་མི་ཐུབ་པས་སྨོན་ལམ་གདབ་པ་གལ་ཆེ་དགོངས་ནས་ཞག་བདུན་གྱི་རིང་རྒྱུད་ཀྱི་གླེགས་བམ་རྣམས་ལ་མཆོད་པ་ཕུལ་ཏེ་ཕྱག་དང་བསྐོར་བ་བྱེད་ཅིང་གསོལ་བ་ཤུགས་དྲག་བཏབ་པ་ན། རྟོག་པ་སུམ་བརྒྱའི་ནང་ནས་དངོས་གྲུབ་ཀྱི་རྟོག་པ་ཞེས་བྱ་བ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་རྟོག་པ་བདུན་པ་སོགས་ཐུགས་ལ་གསལ་བར་ཤར། འདི་ལ་ནོར་འཁྲུལ་དང་ལྷག་ཆད་ཡོད་དམ་མེད་བལྟ་དགོས་དགོངས་པ་ན། དེའི་ཐད་ཀྱི་གླེགས་བམ་རང་ཞལ་ཕྱེ་ནས་ཐུགས་ལ་གང་ཤར་བ་ཇི་བཞིན་བྱུང༌། དེ་ལྟར་འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་ཨུ་རྒྱན་ནས་སྤྱན་དྲངས་ཤིང་འཕགས་ཡུལ་དུ་བྱོན་ནས་སྒྲུབ་ཐབས་ཆེ་ཆུང་སོགས་མཛད་ཅིང་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་དར་བར་མཛད།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Feb ཚེས། 03 རེས་གཟའ། Sat

༢༠༢༤ ལོ་གསར་འཚམས་འདྲི།

དྲ་འཇུག་པ།

༄༅། །བོད་རྒྱལ་ལོ་༢༡༥༡ཤིང་ཕོ་འབྲུག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། །
ཤེས་རིག་བྱམས་བརྩེས་འཇིག་རྟེན་ཁྱབ་པའི་བཀྲ་ཤིས་ཤོག །
སྐྱེ་བོ་མཐའ་དག་ཞི་བདེས་འཚོ་བའི་བཀྲ་ཤིས་ཤོག །
ས་ཆུ་མེ་རླུང་གཡོ་འཁྲུག་ཞི་བའི་བཀྲ་ཤིས་ཤོག །
ཤིང་ཕོ་འབྲུག་ལོར་ཕུན་ཚོགས་དཔལ་གྱི་བཀྲ་ཤིས་ཤོག །
བོད་རྒྱལ་ལོ་༢༡༥༡རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་དུས་བཟང་ལ། རིགས་རུས་གདུང་བརྒྱུད་གཅིག་ལས་མཆེད་ཅིང་སྐད་ཡིག་རིག་གནས་གཅིག་གིས་བསྡུས་པའི་སྤུན་ཟླ་ཡོངས་དང་། བོད་མི་རིགས་རིག་གནས་དང་བཅས་པར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་རམས་གནང་མཁན་འཛམ་གླིང་གང་སར་གནས་པའི་གྲོགས་ཕོ་མོ་ཡོངས་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ༢༠༢༤ཟླ་༠༢ཚེས་༡༠ལ།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Jan ཚེས། 31 རེས་གཟའ། Wed

རྗེ་ཚེ་འཛིན་མའི་ཚེ་དབང་དང་བརྟན་བཞུགས།

དྲ་འཇུག་པ།

དེ་ཡང་སེར་བྱེས་མཁས་སྙན་གྲྭ་ཚང་དང་། བསམ་མཁན་ཆེན་རིན་པོ་ཆེ། རྩེ་ཐང་དགེ་བཤེས་བློ་བཟང་འཇམ་དཔལ་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ྋརྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་། འགྲེལ་བ་དོན་གསལ། ལེགས་བཤད་གསེར་གྱི་ཕྲེང་བ་བཅས་སྔ་ལོའི་འཕྲོས་བདུན་ཕྲག་གཅིག་གི་རིང་གནང་ནས་ལེགས་པར་གྲུབ་པ་དང་། དེ་རིང་སྟེ། ༢༠༢༤ ཕྱི་ཟླ་ ༡ པོའི་ཚེས་ ༣༡ ཉིན། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་ཆེད། སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྗེ་ཚེ་འཛིན་མའི་ཚེ་དབང་དང་འབྲེལ་བརྟན་བཞུགས་འདེགས་འབུལ་ཞུས་སོང་།
༢༠༢༤།༠༡།༣༡ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

ངོ་ཤོག 10 ནས་ 117