རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Aug ཚེས། 29 རེས་གཟའ། Mon

པྲ་སྟིའི་སུམ་རྟགས་འགྲེལ་པ་སོགས།

sjrb-0296མཛད་པ་པོ། པྲ་སྟི་རིན་ཆེན་དོན་འགྲུབ། དབྱངས་ཅན་དགའ་བའི་བློ་གྲོས།
བརྗོད་བྱ།
བོད་ཀྱི་བརྡའི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0296
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.7MB
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ལོའི་ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ལོའི་ཟླ་བརྒྱད་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི་པྲ་སྟི་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་དང་། རྟགས་འཇུག་གི་བཤད་སྦྱར་གཉིས་ཏེ་ཡོངས་གྲགས་སུ་པྲ་སྟིའི་སུམ་རྟགས་སུ་གྲགས་པ་དང་། པྲ་སྟིའི་རྟགས་འཇུག་གི་རྒྱས་བཤད་ལྟ་བུར་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ་གཉིས་ལས་གྲུབ་པ་ཡིན། འཕྲུལ་དེབ་འདིའི་པར་གཞི་ནི། ལྡེའུ་ཚ་དགོན་གྱི་པར་གཞི་ལྟར་༡༩༨༠ལོར་མཚོ་སྔོན་ནས་པར་གཞི་བསྒྲིགས་ཤིང་༡༩༩༢ལོར་ཐེངས་བཞི་པ་དཔར་པའི་དཔེ་དེབ་ལྟར་བསྒྲིགས་པ་དང་ལྷ་སའི་ཞོལ་པར་མའི་དཔེ་རིང་ལའང་ཅུང་ཟད་བསྡུར་ཡོད།

PDF  ཕབ་ལེན།     ཁྲིད་ཡོད།  |  རོང་པོ་དགེ་བཤེས་བློ་བཟང་སྙན་གྲགས། རྟགས་འཇུག  |  རོང་པོ་དགེ་བཤེས་བློ་བཟང་སྙན་གྲགས།  སུམ་ཅུ་པ།
ངོ་ཤོག 633 ནས་ 865