-
མདུན་ངོས།
-
ཆོས་སྤྱོད།
- བསྟོད་ཚོགས།

བསྟོད་ཚོགས། (2)
དཔལ་ལྡན་བི་རཱུ་པ་ལ་བསྟོད་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ས་ཆེན་ཀུན་དགའ་སྙིང་པོ།
བརྗོད་བྱ། བསྟོད་ཚོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0097
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 326KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ས་ཆེན་ཀུན་དགའ་སྙིང་པོ། བོད་དུ་དཔལ་ས་སྐྱར་འཁོན་དཀོན་མཆོག་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ས་སྐྱ་གོང་མ་ལྔའི་ནང་གི་དཀར་པོ་རྣམ་གསུམ་གྱི་ཡ་གྱལ་དུ་བགྲངས། བ་རི་ལོ་ཙཱ་བ་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་གཙོ་བོ་སྔགས་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་ནས་དྲུག་ཅུ་རེ་བདུན་གྱི་བར་ས་སྐྱའི་གདན་ས་མཛད། འདིས་མཛད་པའི་གསུང་རྩོམ་ལ་པོད་གཉིས་བཞུགས། གཡས་རུ་སྐྱ་བོ་ཁ་གདངས་སུ་སྐུ་གཤེགས། རྣམ་ཐར་རྒྱས་པ། བདག་ཆེན་ཨ་མེས་ཞབས་ཀྱིས་མཛད་པའི་[ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་]དུ་གསལ།
PDF ཕབ་ལེན། |
---|
དེ་ལས་མང་བ།...
ལྷ་ལས་བྱུང་གི་བསྟོད་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེབ་ཨང་། TBHCT333301
ཐོར་བུ། ༼ཆོས་སྤྱོད།༽
སྤྱིའི་ཨང་། ༤༤
མཚན་བྱང་། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ།
མཛད་པ་པོ། སློབ་དཔོན་བདེ་བྱེད་བདག་པོ།
བརྗོད་བྱ། སྟོན་པ་བཅོམ་ལྡན་འདས་ལ་བསྟོད་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བསྟོད་པ་འདི་ནི་རྒྱ་གར་གྱི་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ་ཡིན། སློབ་དཔོན་འདི་ནི། ཐོག་མར་ཕྱི་རོལ་མུ་སྟེགས་པ་ཡིན་ཀྱང་ཕྱིས་སུ་ནང་པའི་ཆོས་སྒོར་ཞུགས། བཀའ་བསྡུ་གསུམ་པ་བྱས་ནས་རྒྱལ་པོ་ཀ་ནིཥྐ་འདས་པའི་རྗེས་སུ་དེའི་བུས་རྒྱལ་སྲིད་བཟུང་བའི་དུས་ཙམ་ན་བྱུང་ཞིང་། སློབ་དཔོན་ཐོ་བཙུན་གྲུབ་རྗེའི་གཅུང་པོ་ཡིན། གཅེན་གཅུང་གཉིས་ཀ་ནང་པར་གྱུར་རྗེས་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟོད་པ་རེ་མཛད་པ་ཡིན་ལ། གཅེན་གྱིས་མཛད་པའི་བསྟོད་པ་ནི་ཁྱད་པར་འཕགས་བསྟོད་ཡིན། ལྷ་ལས་ཕུལ་བྱུང་གི་བསྟོད་པ་འདིས་སྟོན་པ་ཐུགས་རྗེ་ཅན་ཉིད་ཕྱི་རོལ་རིག་བྱེད་ཀྱི་གཞུང་དུ་གྲགས་པའི་ལྷ་ཆེན་པོ་སོགས་དང་མཚུངས་བསྡུར་གྱི་ལམ་ནས་སྟོན་པའི་ཆེ་བ་བརྗོད་ཡོད། ཚིགས་བཅད་མང་པོ་མེད་ན་ཡང་། ཚིག་སྦྱོར་རྣ་བར་སྙན་ཞིང་བརྗོད་དོན་ཕུན་སུམ་ཚོགས་པ་དང་། བསྟོད་ཚུལ་ཁྱད་པར་བ་ཞིག་ཀྱང་ཡིན། བསྟོད་པ་འདི་ལ་རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆས་འགྲེལ་པ་བརྩམས་ཡོད་ལ། རྩ་འགྲེལ་གཉིས་ཀ་སྡེ་དགེའི་བསྟན་འགྱུར་གྱི་བསྟོད་ཚོགས་ནང་དུ་བཞུགས།