-
མདུན་ངོས།
-
རྒྱུད་སྟོད་སྨད་ཀྱི་མཁན་པོ་མཁན་ཟུར།
- སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། རྗེ་བཙུན་པའི་ཕར་ཕྱིན་སྐབས་དང་པོའི་སྤྱི་དོན། [ཇ] སྟོད་ཆ།
མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
བརྗོད་བྱ། དོན་མངོན་པར་རྟོགས་པ།
འཁྲིད་མཁན། དགེ་བཤེས་བློ་བཟང་ལེགས་བཤད།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0783
སྒྲའི་རྣམ་པ། MP3 གྲངས་ཀ 52 ལྗིད་ཚད། 2.2GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༥ ཟླ་ ༢ ཚེས་ ༥ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། སེར་བྱེས་དགེ་བཤེས་བློ་བཟང་ལེགས་བཤད་ནི། ཕྱི་ལོ་༡༩༦༩ ལོར་གཙང་ངམ་རིང་དུ་འཁྲུངས། ༡༩༩༢ ལོར་བཙན་བྱོལ་དུ་འབྱོར། ༡༩༩༣ ལོར་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། ༢༠༠༨ ལོར་དགེ་ལུགས་རྒྱུགས་སྤྲོད་ཕེབས་ནས་ ༢༠༡༤ ལོར་དགེ་བཤེས་ལྷ་རམས་ཀྱི་དམ་འཇོག་གནང་། ༢༠༡༥ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་ཐོག་འགྲིམས་ནས་གསང་སྔགས་ཀྱི་སློབ་གཉེར་གནང་། ད་ལྟར་སེར་བྱེས་མཁས་སྙན་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་བྱེད་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།
ཁྲིད་མཚམས་ཀྱི་དཀར་ཆག ༠༡ བཤད་བྱ་རྩ་བའི་མདོ། དུམ་བུ། ༠༡ ནས་༠༢ བར། ༠༢ ཤིང་རྟའི་སྲོལ་འབྱེད། དུམ་བུ་ ༠༣ ༠༣ འགྲེལ་བ་ཉེར་གཅིག །དུམ་བུ། ༠༤ ༠༤ མཚན་གྱི་དོན། དུམ་བུ། ༠༥ ༠༥ བཤད་ཐབས་ཡན་ལག་ལྔ། དུམ་བུ། ༠༦ ནས་༠༧ བར། ༠༦ འགྲེལ་བའི་མཆོད་བརྗོད་སོགས། དུམ་བུ། ༠༨ ནས་༡༡ བར། ༠༧ བྱམས་གཞུང་། དུམ་བུ། ༡༢ ནས་༡༤ བར། ༠༨ ཡུམ་སྲས། དུམ་བུ། ༡༥ ནས་༡༦ བར། ༠༩ གཅིག་དུ་བྲལ། དུམ་བུ། ༡༧ ནས་༢༤ བར། ༡༠ བསྡུ་བྱ་སྡུད་བྱེད། དུམ་བུ། ༢༥ ༡༡ མྱང་འདས། དུམ་བུ། ༢༦ ནས་༢༨ བར། ༡༢ ཆོས་འཁོར། དུམ་བུ། ༢༩ ནས་༣༩ བར། ༡༣ རྩོད་ལེན། དུམ་བུ། ༤༠ ༡༤ ཡང་དག་མཐའ། དུམ་བུ། ༤༡ ནས་༤༩ བར། ༡༥ བཀའ་བསྟན་བཅོས། དུམ་བུ། ༥༠ ནས་༥༢ བར། |
སེ་རའི་ངོ་སྤྲོད།
གྲྭ་ཚང་གི་བྱེད་སྒོ་ཁག
༢༠༢༥ ལོའི་དཔྱིད་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 75
༢༠༢༥ ལོའི་དཔྱིད་ཆོས་དང་པོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 210
༢༠༢༥ ལོའི་དགུན་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 358
༢༠༢༤ ལོའི་སྟོན་ཆོས་གསུམ་པའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 359
༢༠༢༤ ལོའི་སྟོན་ཆོས་གཉིས་པའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 353
༢༠༢༤ ལོའི་སྟོན་ཆོས་དང་པོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 389
སེར་བྱེས་མཁས་སྙན་གྲྭ་ཚང་གི་སློབ་གཉེར་བའི་སློབ་ཚན་དང་རྒྱུགས་སྤྲོད་ཁག
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 482
༢༠༢༤ ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 488
༢༠༢༤ ལོའི་དབྱར་ཆོས་དང་པོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 587
༢༠༢༤ ལོའི་དཔྱིད་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 580
༢༠༢༢ ལོའི་སྟོན་ཆོས་གསུམ་པའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 13163
༢༠༢༢ ལོའི་སྟོན་ཆོས་གཉིས་པའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 11935
༢༠༢༢ ལོའི་སྟོན་ཆོས་དང་པོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 12047
༢༠༢༢ ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 11737
༢༠༡༩ ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།
སྡེ་ཚན། : གྲྭ་ཚང་གི་བྱེད་སྒོ་ཁག | ཀློག་གྲངས། 11586